དབུ་ཤོག>ཆེད་སྒྲིག
  • མཐོ་སློབ་སློབ་ཐོན་སློབ་མ་298ལྗོངས་ཕྱིར་ལས་ཞུགས་ཐུབ་པར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-05-12

    སྔར་ནས་ད་བར། གཞིས་རྩེ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞིར(ཧྲང་ཧའེ་དང་། ཧྲན་ཏུང་། ཧེ་ལུང་ཅང་། ཅིས་ལིན)བོད་སྐྱོར་འབྲེལ་གཏུག་ཞབས་ཞུ་ལྟེ་གནས་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། རྩ་འཛུགས་མ་ལག་དང་། ཞབས་འདེགས་འགན་སྲུང་། མི་སྣའི་འགྲོ་གྲོན་སོཌ་ཀྱི་ཐད་ནས་འགན་སྲུང་བྱས་པ་རེད། ཞིང་ཆེན་དང་གྲོང་ཁྱེར་བཞི་དང་བོད་སྐྱོར་འབྲེལ་གཏུག་ཞབས་ཞུ་ལྟེ་གནས་བཙུགས་ཚུན། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས(ཀྲུང་གོ་རྫས་འགྱུར་བཟོ་ལས་དང་། པའོ་ཝུའུ་ཚོགས་པ)ཀྱི་ཁེ་ལས་དང་བྱ་གཞག་ལས་གནས་7364བརྩོན་ལེན་བྱས་ཏེ་གཞིས་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་298ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཡོང་བར་རོཌ་རམ་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ“རུ་དཔོན་+པན་ཀྲང་+ཙུའུ་ཀྲང”གི་དོ་དམ་བྱེད་སྟངས་སུ་བཅུག་པ་དང“དྲ་མིག་ཅན”གྱི་ཞབས་འདེགས་ཞུ་སྟངས་སྤྱད་དེ་ཁུལ་ཁོངས་གཅིག་ཏུ་རུ་དཔོན་གྱིས་སྤྱི་འདོམས་དང་། གྲོང་ཁྱེར་གཅིག་ཏུ་པན་ཀྲང་གིས་མཐུན་སྦྱོར། ཆུས་དང་རྫོང་གཅིག་ཏུ་ཙུའུ་ཀྲང་གིས་འགན་འཁུར་བཅས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་མཉམ་ལས་སྤེལ་རེས་གཞུང་ལས་ཁང་དང་། མི་སྤྱི། སྡོད་ཁང་འཛུཌ་སྐྲུན་སོགས་སྡེ་ཚན་དུ་ཧུར་ཐག་བསྐྱོད་དེ་ལས་གནས་དང་། ལས་དོན། འཚོ་བ་སོགས་ཀྱི་ཐད་ལས་ཞུགས་པར་རྒྱབ་སྐྱོར་བྱེད་པའི་བརྩོན་ལེན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།