ཉེ་ཆར“བོད་ལྗོངས་སློབ་ཆེན་དུ་རིག་གནས་བསམ་བཀོད་བྱེད། སྣེའུ་ཁུལ་གསར་དུ་ཕུགས་འདུན་དོན་གཉེར་བྱེད”པའི་2021ལོའི་བོད་ལྗོངས་རིག་གནས་བསམ་བཀོད་ལས་སྟེགས་དང་རིག་གནས་བསམ་བཀོད་ཇུས་འགོད་ཀྱི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ལྷ་སར་མཇུག་འགྲིལ་བ་རེད། འགྲན་ཞུགས་བརྩམས་ཆོས་158ལས་མཐའ་བསྡུར་ལ་ཚུད་པའི་རིག་གནས་བསམ་བཀོད་ཇུས་འགོད་ཀྱི་ཕུལ་བྱུང་བརྩམས་ཆོས་17ཡོད། རིགས་གཅིག་མཁས་ཅན་དཔྱད་འདེམས་ཚོགས་པས་ས་ཆ་དེ་རང་དུ་སྐར་མ་བརྒྱབ་མཐར་མཐོ་སློབ་ཚོགས་ཆུང་གི་ཉི་མ་བཀྲ་ཤིས་ཀྱི《སྨེ་བ་དགུ་དང་སྤར་ཁ་བརྒྱད་རྟགས་ཅན་གྱི་དར་སོའི་ཆུ་ཚོད》ལ“འབྱུང་འགྱུར་འཆར་འགོད་ཆེ་མོ་བའི་བྱ་དགའ”ཐོབ་པ་དང་། སྤྱི་ཚོགས་ཚོགས་ཆུང་གི་ལིའུ་ཨའོ་རན་གྱི《ནས་ཀྱི་སྨན་སོལ་གྱི་སྡེར་མ་ཚོན་ཁྲ》ལ“བསམ་བཀོད་ཡག་ཤོས་ཀྱི་བྱ་དགའ”ཐོབ་ཡོད།
མཐའ་བསྡུར་ལ་ཚུད་པའི་བརྩམས་ཆོས་དག་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རིག་གནས་བསམ་བཀོད་ཀྱི་མུ་འབྲེལ་ཐོན་རྫས་ལ་ཁྱབ་པར་བྱས་པའི་ཁྲོད་རྒྱུན་སྤྱོད་མཁོ་ཆས་དང་། ཐང་ག གྲངས་འཛིན་རིག་གནས་བསམ་བཀོད་སོགས་ཚུད་ཡོད།