ཉེ་ཆར་གསར་འགོད་པར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་2021ལོར་གྲོང་གསེབ་དར་རྒྱས་ལ་ཞབས་འདེཌ་ཞུ་བའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱུན་མཐུད་ཆེ་རུ་བཏང་ནས་ལོ་ཧྲིལ་པོའི་ཡིད་རྟོན་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་100ཡན་འཕར་ངེས་ཡིན་པ་དེས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ནུས་ལྡན་ཐུབ་སྲིད།
ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གྲོང་གསེབ་དར་རྒྱས་ཀྱི་ཚོང་ཤག་གི་བྲིན་ཚོང་ཞབས་འདེགས་མ་ལག་འཐུས་ཚང་ཞིག་བཙུགས་ནས་ས་མཐོའི་ལེགས་ཆའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཞིང་འབྲོག་པ་ཕྱུག་པོར་གྱུར་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ལ་རྒྱབ་སྐྱོར་བྱེད་མཁན་རེད། དེ་དང་ཆབས་ཅིག་དངུལ་རྩར་བརྟེན་ནས་མཐའ་མཚམས་སྲུང་བའི་ལས་འགན་5དང་བྱ་ཐབས་28དབྱེ་གསེས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་མཐའ་མཚམས་ཁྱད་ལྡན་ཐོན་ལས་དང་། མཐའ་མཚམས་འབྱུང་འཕྲོད་ཐོན་ལས། མཐའ་མཚམས་ཡུལ་སྐོར། མཐའ་མཚམས་ཟོག་འགྲེམས་ཐོན་ལས་བཅས་ཀྱི་མགྱོགས་མྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ“དངུལ་རྩར་བརྟེན་ནས་མཐའ་མཚམས་སྲུང་བའི”ཞབས་འདེགས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ནང་དོན་ཟབ་ཏུ་གཏོང་བ། རིམ་པ་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།