དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་གྱི“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པའི་སྟག་གདོང་ཁམ་བུའི་མེ་ཏོག་གི་འདུ་ཚོགས”འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-12

    ཉེ་ཆར་ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོས“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པའི་སྟག་གདོང་ཁམ་བུའི་མེ་ཏོག་གི་འདུ་ཚོགས”བརྗོད་དོན་གཙོ་བོར་བྱས་པའི་སྟག་གདོང་ཁམ་བུའི་མེ་ཏོག་གི་འདུ་ཚོགས་སྐབས་བཞི་པ་འཚོགས་པ་རེད། ཉིན་དེར་ཡུལ་སྐོར་བ་དང་ས་གནས་དེ་གའི་ཡུལ་མིས་དགའ་སྤྲོའི་གླུ་སྒྲའི་ཁྲོད་དུ་སྟག་གདོང་གྲོང་ཚོའི་ཁམ་སྡོང་ར་བར་བསྐྱོད་དེ་མཛེས་ལྗོངས་ལ་ལྟད་མོ་བལྟས་པ་རེད།

    ད་རེས་ཀྱི་ཁམ་བུའི་མེ་ཏོག་འདུ་ཚོགས་དུས་ཡུན་ཟླ་གཅིག་ཡིན་པ་དང་། དེ་ནི་སྟག་གདོང་གྲོང་ཚོས་གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཤིག་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་གཅིག་སྡུད་ཀྱི་མཚོན་ཚུལ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཤུགས་ཆེན་གཏོང་བ་དང་མང་ཚོགས་ཕྱོགས་ཡོངས་ནས་ཕྱུག་པོ་ཆགས་ཏེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།