དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་སུ་ལེགས་སྐྱེས་ཕུལ་ནས་དུས་རབས་དང་མཉམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅིན་དབྱི་ཆིང་།   |     སྤེལ་དུས།  2021-05-11

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ལྗོངས་ས་མཐོར་འཕེལ་རྒྱས་མྱུར་པོ་བྱུང་བ་ནི་མི་དཀྱུས་མ་ཚང་མས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད། གསར་འགོད་པས་བོད་ཀྱི་ན་གཞོན་ཏང་ཡོན་གསུམ་ལ་བཅར་འདྲི་ཞུས་ནས་ཁོང་ཚོས་དུས་རབས་ལ་བཅངས་པའི་མྱོང་ཚོར་དང་གཏམ་རྒྱུད་ལ་ཉན་པ་ཡིན།

    ཚུལ་ཁྲིམས་མགོན་པོ། མང་ཚོགས་ཀྱི་སྙིང་ཉེ་བའི་ཧྲུའུ་ཅི་དང་པོ།

    ཚུལ་ཁྲིམས་མགོན་པོ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། འདི་ལོ་ལོ་31ལ་སླེབས་པའི་ཁོང་གིས། ང་ནི་བོད་ཀྱི་ས་གཞི་ཆེ་མོར་སྐྱེས་ཤིང་ཏང་གིས་ང་གསོ་སྐྱོང་གནང་བྱུང་ཞེས་བཤད།

    2014ལོར། ཚུལ་ཁྲིམས་མགོན་པོ་སློབ་ཆེན་ཐོན་པའི་གྲོང་དཔོན་གྱི་ཐོབ་ཐང་གི་ཐོག་ནས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་སྡེ་ཁུལ་དུ་ཡོང་བའི་ལོ་གཉིས་པར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོའི་འགན་འཁུར།

    “2011ལོའི་ཟླ་དྲུག་པར་ང་རང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཞིག་ལ་གྱུར་པ་ད་དུང་གསལ་པོར་དྲན་གྱི་འདུག ལོ་ཁ་ཤས་རིང་གཞི་རིམ་དུ་ལས་ཀ་བྱས་རྐྱེན། དུས་རབས་གསར་པའི་ན་གཞོན་ཏང་ཡོན་ཞིག་ཡིན་ཚེ། ཏང་དང་རྒྱལ་ཁབ་ལ་བློ་དཀར་སེམས་དཀར་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་། མི་སེར་ལ་དགོས་མཁོ་བྱུང་ཚེ་ངེས་པར་ཏུ་ཁོང་ཚོར་རོགས་རམ་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་ཚུལ་ཁྲིམས་མགོན་པོས་བཤད།

    ས་ཆ་དེ་གར་ཆར་ཆུ་ཅུང་མང་བས། 2019ལོར། ལོ་78ལ་བསླེབས་པའི་བསོད་ནམས་དཔལ་རིའི་སྡོད་ཁང་རྙིང་པ་ཉེན་ཁང་དུ་གྱུར། ལས་བྱེད་པ་ཚོས་ཁ་ཏ་བསླབ་བྱ་ཐེངས་མང་བྱས་ཀྱང་ཁོང་སྔར་བཞིན་རྒན་གསོ་ཁང་དུ་འགྲོ་འདོད་མ་བྱུང་། དེར་བརྟེན། ཚུལ་ཁྲིམས་མགོན་པོས་རང་འགུལ་ངང་བསོད་ནམས་དཔལ་རི་དང་འབྲེལ་འདྲིས་བྱས་ནས་རང་ཉིད་དང་ཏང་ཡོན་ཁ་ཤས་ཀྱིས་དངུལ་ཁག་ཅིག་བཏང་ནས་ཉེན་ཁང་ཉམས་གསོ་བྱ་རྒྱུའི་གྲོས་འགོ་བཏོན་པར་བསོད་ནམས་དཔལ་རི་གཞི་ནས་མོས་མཐུན་བྱུང་། ཚུལ་ཁྲིམས་མགོན་པོས་ཏང་ཡོན་ལས་བྱེད་པ་གཞན་དག་ལ་འབོད་སྐུལ་བྱས་ནས་ཞལ་འདེབས་བརྒྱབ་པའི་ཁར་སྲིད་གཞུང་གི་ཁ་གསབ་དང་བསོད་ནམས་དཔལ་རིའི་བསགས་དངུལ་སྒོར་ཁྲི་4བཅས་བཏང་ནས་ཁང་པ་གསར་པ་བརྒྱབ།

    སྐྱིད་གཤོངས་སྡེ་ཁུལ་གྱི་ཡུལ་མི་པ་སངས་ཚེ་རིང་གིས“ང་ཚོའི་སྡེ་ཁུལ་ལོ་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་ནི་ཏང་ཡོན་ལས་བྱེད་པ་འདི་དག་གིས་ང་ཚོར་བྱ་བ་དངོས་མང་པོ་བསྒྲུབས་པའི་དྲིན་ཡིན”ཞེས་བཤད།

    མིག་དམར་ཕན་ཐོཌ། སློབ་མའི་ཆེད་དུ་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་བའི་མི་དམངས་ཀྱི་དགེ་རྒན་ཞིག

    ལོ་15གོང་། ལོ་24ལ་སླེབས་པའི་མིག་དམར་ཕན་ཐོགས་ཧྭ་ཏུང་དགེ་འོས་སློབ་ཆེན་རྒྱ་ཡིག་ཆེད་ལས་ནས་ཐོན་ཏེ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སྐད་ཡིག་དགེ་རྒན་ཞིག་ཏུ་གྱུར།

    “2010ལོར་ང་རང་ཏང་ཡོན་ཞིག་ཏུ་གྱུར་པ་དང་། ཏང་ཡོན་དགེ་རྒན་ཞིག་ཡིན་པའི་ཆ་ནས། སློབ་མར་འགན་ཁུར་ནས་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་འགན་འཁྲི་ཆེ་ཤོས་དེ་ཡིན”ཞེས་མིག་དམར་ཕན་ཐོགས་ཀྱིས་བཤད།

    ལོ་10ལྷག་ཙམ་དགེ་རྒན་བྱས་རིང་། མིག་དམར་ཕན་ཐོགས་ལ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མོད། ཡིན་ན་ཡང་ཁོང་གིས་སློབ་མ་ནི་ངའི་རྒྱུ་ནོར་རྩ་ཆེ་ཤོས་དེ་ཡིན་ཞེས་ཤོད་ཀྱི་ཡོད།

    མིག་དམར་ཕན་ཐོགས་ཀྱིས་སློབ་མར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། སློབ་མ་སུར་རོགས་རམ་བྱེད་དགོས་ཀྱང་ཁོང་གིས་རོགས་རམ་བྱེད་ངེས་རེད། ནད་གཞི་ཕོག་ནས་སྨན་ཡོན་སྤྲོད་མི་ཐུབ་པ་དང་ཡང་ན་ཁྱིམ་ཚང་དཀའ་ངལ་ཆེ་བའི་རྐྱེན་གྱིས་སློབ་གྲྭར་སྐྱོད་མཚམས་འཇོག་རིགས་གང་ཡིན་ཡང་། མིག་དམར་ཕན་ཐོགས་ཀྱིས་རང་ནུས་ཡོད་རྒུས་རོགས་རམ་བྱེད་ཀྱི་ཡོད།

    པེ་ཅིང་བོད་སྐྱོར་གྱི་སློབ་ཁྲིད་ཞའོ་ཀྲང་ཞ་མིང་ཧའེ་ཡིས“ལོ་གཉིས་ལྷག་མཉམ་དུ་ལས་ཀ་བྱས་པ་བརྒྱུད། དགེ་རྒན་མིག་དམར་ཕན་ཐོགས་ལགས་ནི་སློབ་མར་ཤ་ཚ་ཆེ་ཞིང་འགན་འཁུར་ཕོད་པའི་ཏང་ཡོན་དགེ་རྒན་ཞིག་ཡིན་པ་རྟོགས་བྱུང་། ཁོང་གིས་སློབ་མའི་ཆེད་དངུལ་དང་དུས་ཚོད་དང་ནུས་ཤུགས་སོགས་གང་མཁོ་ན་དེ་གཏོང་ནུས་མཁན་ཞིག་རེད”ཅེས་བཤད།

    པ་སངས་ཚེ་རིང་། གདོང་མཆོང་མི་དམངས་ཉེན་རྟོག་པ་ཞིག

    འདི་ལོ་ལོ་35ལ་སླེབས་པའི་པ་སངས་ཚེ་རིང་ལྕགས་ལམ་སྤྱི་བདེའི་ལས་ཀ་བྱས་ནས་ལོ་13ཕྱིན་ཞིང་། འདས་ཟིན་པའི་ལས་ཀའི་སྐོར་གླེང་སྐབས་ཁོང་གིས“ངས་ཁྱོན་གྱོད་གཞི་ཆེ་ཆུང་100མ་ཟིན་ཙམ་དང་དུག་རྫས་སྤྱི་རྒྱ་6ལྷག་ཙམ་རྩད་ཆོད་མྱོང་ཡོད”ཅེས་རགས་བཤད་བྱས།

    2016ལོར། པ་སངས་ཚེ་རིང་ཏང་ཡོན་ཞིག་ཏུ་གྱུར་པ་དང་། ཕྱིས་སུ་ཁོང་མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ལྷ་ས་སྤྱི་བདེ་ཁྲུའུ་མེ་འཁོར་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པར་གྱུར། ཁོང་གི་སྣེ་ཁྲིད་འོག ཉིང་ལག་རུ་ཁག་གི་སློབ་སྦྱོང་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་ཕྱིན། མེ་འཁོར་ཉེན་རྟོག་པའི་ལས་ཀའི་དམིགས་བསལ་རང་བཞིན་གྱིས་དཔུང་ཁག་མཉམ་དུ་སློབ་སྦྱོང་བྱེད་མི་ཐུབ་ཀྱང་དེར་ཁ་གཡར་ནས་སློབ་སྦྱོང་ལ་འཐུས་ཤོར་སྤུ་ཙམ་ཡང་བཏང་མྱོང་མེད།

    “ང་ཚོས་མེ་འཁོར་ནང་སློབ་ཁྲིད་བྱེད་པའི་རྣམ་པར་བརྟེན་ནས། ལས་གྲོགས་ཚོར་སློབ་སྦྱོང་གི་ནང་དོན་གསར་ཤོས་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ནས་དུས་རབས་དང་མཉམ་སྐྱོད་བྱེད་ཀྱི་ཡོད”ཅེས་པ་སངས་ཚེ་རིང་གིས་བཤད།

    སྔོན་ཆད་གྱོད་གཞི་ཆེན་པོ་བསྒྲུབས་ཀྱང་ད་ཆ་སྒྲུབ་མང་ཤོས་ནི་གྱོད་གཞི་ཆུང་ཆུང་འབའ་ཞིག་རེད། ཐེངས་ཤིག་ལྷ་ས་ནས་གཞིས་རྩེའི་དབར་གྱི་མེ་འཁོར་ནང་། ཨ་མ་རྒན་མོ་ཞིག་གིས་པ་སངས་ཚེ་རིང་གི་ལག་པར་འཇུས་ནས་ངའི་ཐོབ་ཐང་ལག་ཁྱེར་འཚོལ་རོགས་ཞེས་བཤད་པས་ཚང་མས་ཆུ་ཚོད་1ལྷག་བཙལ་ཡང་མ་རྙེད། མཐར་པ་སངས་ཚེ་རིང་གིས་ཨ་མ་རྒན་མོར་ཁྱེད་རང་གི་ལུས་ཐོག་ལ་ཡང་བསྐྱར་ཡག་པོ་ཞིག་ལྟ་རོགས་ཞེས་བཤད་པར་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གི་གོས་ཐུང་གི་ཁུག་མའི་ནང་དུ་ཡོད་པ་རེད།

    “མང་ཚོགས་ཀྱི་བྱ་བར་དོན་ཆུང་མེད”“ཏང་ཡོན་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། གཞོན་རབས་པ་ཚོས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་ལྕི་པོ་ཁུར་ཡོད་པས། ང་ཚོས་ལེགས་སྐྱེས་ཧུར་ཐག་ཕུལ་ནས་འབད་འབུངས་ལྷོད་མེད་བྱེད་དགོས”ཞེས་པ་སངས་ཚེ་རིང་གིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།