ཀྲང་ཨའེ་ཕིང་ནི་ད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མར་ལེ་སློབ་དཔྱོད་ཁང་གི་ཀྲུའུ་རེན་རེད། ལོ་16རིང་། ཁོང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་རིང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་དཔེ་ཁྲིད་མི་སྐྱོང་གི་རྩ་བ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཁྱད་ཆོས་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་སློབ་མའི་ཕྱིར་སྐྱོད་ལ་ཁྲིད་སྟོན་བྱེད་རིང་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་སློབ་མའི་མཐོང་རྒྱ་ཆེ་རུ་བཏང་བ། སློབ་མའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་དང་རམ་འདེགས་བྱེད་རིང་སློབ་མའི་ནང་སྐྱེས་སྒུལ་ཤུགས་སྤེལ་ནས་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད།
“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཡག་པོ་བཏང་བ།
2005ལོར་ཀྲང་ཨའེ་ཕིང་ཝུའུ་ཧན་སློབ་ཆེན་ནས་ཐོན། རྒྱལ་ཁབ་ཀྱིས་མཐའ་མཚམས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་ཆེད། ཁོང་གིས་བོད་དུ་ལས་ཀ་བྱེད་པར་ཡོང་། ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་བོད་དུ་སླེབས་སྐབས། གཟུགས་པོ་ཅུང་བདེ་པོ་མེད་ཀྱང་། དེ་གའི་མི་དང་བྱ་བས་ཀྲང་ཨའེ་ཕིང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སྒོ་རའི་ནང་གནས་པའི་ཐན་ཀོན་སན་དྲན་གསོ་ཁང་དེ་བས་ལེགས་པའི་སྒོ་ནས་ངོ་སྤྲོད་བྱ་ཆེད། ཀྲང་ཨའེ་ཕིང་གིས་སློབ་གྲྭའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སློབ་མ་8ལས་གྲུབ་པའི་འོས་འགན་འཆད་འགྲེལ་ཚོགས་ཆུང་ཞིག་བཙུགས་པ་རེད།
ཀྲང་ཨའེ་ཕིང་གི་སྣེ་ཁྲིད་འོག་ཟླ་གཅིག་ལྷག་ཙམ་སོང་རྗེས། ཐན་ཀོན་སན་དྲན་གསོ་ཁང་ལ་འོས་འགན་འཆད་འགྲེལ་རུ་ཁག་དང་པོ་དེ་བྱུང་བ་དང་། ཀྲང་ཨའེ་ཕིང་ནི་འཆད་འགྲེལ་རུ་ཁག་གི་འཆད་འགྲེལ་བ་དང་པོ་དེ་རེད།
དང་ཐོག་འཆད་འགྲེལ་ཚོགས་ཆུང་གིས་སློབ་མ་རྣམས་ལ་གཙོ་བོ་དམག་དཔོན་ཆེ་མོ་ཐན་ཀོན་སན་གྱི་བྱས་རྗེས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”འགྲེལ་བཤད་བརྒྱབ་པ་དང་། རྗེས་སུ་སྲིད་གཞུང་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། དཔུང་སྡེ། སྤྱི་ཚོགས་ཚོགས་པ་སོགས་བར་རིམ་བཞིན་རྒྱ་ཆེར་བཏང་ཡོད། མིག་སྔར། འོས་འགན་འཆད་འགྲེལ་ཚོགས་ཆུང་གིས་འཆད་འགྲེལ་ཐེངས་1300ལྷག་ཙམ་བརྒྱབ་པ་ལས། ནང་ཀྲང་ཨའེ་ཕིང་གིས་འགྲེལ་བཤད་ཐེངས་120ལྷག་ཙམ་བརྒྱབ་ཡོད།
“དཔེ་ཀློག་ཚོགས་པ”འཚར་ལོངས་ཀྱི་རྟེན་གཞིར་གྱུར་པ།
སྤྱི་ཚོགས་ཐོག་ཐན་ཀོན་སན་དྲན་གསོ་ཁང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བ་དང་བསྟུན་ནས་འཆད་འགྲེལ་བ་དེ་བས་མང་བ་དགོས་ཀྱི་ཡོད་སྟབས། ཀྲང་ཨའེ་ཕིང་གིས་མིང་ལ་དཔེ་ཀློག་ཚོགས་པ་ཞེས་པའི་རྩ་འཛུགས་ཤིག་བཙུགས་པ་དང་། ཐོག་མའི་དམིགས་ཡུལ་ནི་འཆད་འགྲེལ་བ་གསོ་སྦྱོང་བྱེད། འོན་ཀྱང་ཀྲང་ཨའེ་ཕིང་གི་བསམ་ཡུལ་ལས་འདས་པ་ཞིག་ལ“དཔེ་ཀློག་ཚོགས་པས”སློབ་མ་མང་པོའི་སྤྲོ་སྣང་འཕེལ་ནས་ཚང་མ་འཚང་ཁ་ཤིག་ཤིག་ངང་དེར་ཞུགས་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད།
ཐོག་མའི་མི་9ནས་ད་ཆའི་མི་270ལྷག་ཙམ་ཡོད་པ་དང“དཔེ་ཀློག་ཚོགས་པ”ཚོགས་ཆུང་10ལ་བགོས་ཤིང་། སློབ་ཁུལ་3ལ་ཁྱབ་པ་མ་ཟད། དཔེ་ཀློག་བྱེད་སྒོ་ཐེངས་1000ལྷག་ཙམ་གཉེར་བ་རེད།
“‘དཔེ་ཀློག་ཚོགས་པ’ལྟེ་བར་བྱས་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ། སློབ་མ་སོ་སོའི་ཁྱད་ཆོས་གང་ལེཌ་མངོན་པར་བྱས་ཡོད”ཅེས་ཀྲང་ཨའེ་ཕིང་གིས་སློབ་གྲྭའི་དོན་དངོས་དང་སློབ་མའི་དགོས་མཁོར་གཞི་ཚུགས་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་སློབ་མ་ཚོ“དཔེ་ཀློག་ཚོགས་པ”ནས་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་ཁྲིད་སྟོན་བྱས།
སློབ་མ་ཕྱིར་སྐྱོད་དུ་བཅུག་ནས་མཐོང་རྒྱ་ཆེ་རུ་བཏང་བ།
སློབ་མ་ཚོ་ནང་སར་ཁྲིད་ནས་གྲོང་ཁྱེར་ཆེན་པོར་ལྟ་རུ་འཇུག་པ་དང་སློབ་མ་ཚོའི་མཐོང་རྒྱ་ཆེ་རུ་གཏོང་བ་ནི་ཀྲང་ཨའེ་ཕིང་གི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བསམ་འདུན་རེད།
2018ལོའི་དགུན་དུས་སུ། ཀྲང་ཨའེ་ཕིང་གིས་སློབ་མ་14ཁྲིད་དེ་ནང་སར་དངོས་སྦྱོང་བྱེད་པར་བསྐྱོད་པ་དང་དེའི་འགྲོ་སོང་ཚང་མ་ཁོང་རང་ཉིད་ཀྱིས་བཏང་བ་རེད། འོན་ཀྱང་། མ་ཐོན་གོང་ཁྱིམ་བདག་དང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སོགས་ཀྱིས་ཁ་པར་གཅིག་རྗེས་གཉིས་མཐུད་ངང་བརྒྱབ་ནས་དོགས་འདྲི་བྱས་པ་རེད།
“ངས་སླད་ཕྱིན་བོད་ཀྱི་སློབ་མ་ཚོར་འགྲོ་ལམ་ཞིག་མང་དུ་གཏོང་འདོད་ཡོད་པ་ཁོ་ན་ཡིན། དངོས་སྦྱོང་བྱས་པའི་འབྲས་བུ་ལས་ང་ཚོ་བོད་རིགས་སློབ་མ་རྣམས་ནང་སའི་འཚོ་བ་དང་ཁོར་ཡུག་ལ་རྦད་དེ་འཚམ་པོ་ཡོད་པས། རིག་གནས་ཀྱི་ཁྱད་པར་ནི་རྒྱུ་མཚན་མ་རེད”ཅེས་ཀྲང་ཨའེ་ཕིང་གིས་བརྗོད།
ན་ནིང་ཀྲང་ཨའེ་ཕིང་གིས་ནང་སར་གླ་པ་དང་དངོས་སྦྱོང་བྱེད་པར་འགྲོ་མྱོང་བའི་སློབ་མ་སྒྲིག་འཛུགས་བྱས་ཏེ་ཁོ་ཚོར་ནང་སའི་གྲོང་ཁྱེར་དང་། ལས་ཀ འཚོ་བ་བཅས་སློབ་མ་རྣམས་ལ་བརྗོད་དུ་བཅུག་ནས་བོད་ཀྱི་སློབ་ཆེན་སློབ་མ་ནང་སར་ལས་ཞུགས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
ད་ཆ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་མི་ཉུང་བ་ཞིག་ནང་སར་ལས་ཀ་བྱེད་བཞིན་ཡོད།