དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-11

    འདི་ལོ་ལོ་79ལ་སླེབས་པའི་དོན་གྲུབ་དབང་རྒྱལ་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་གྱི་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་བྱིས་པའི་དུས་ནས་མུན་ནག་གི་སྤྱི་ཚོགས་རྙིང་པ་བརྒྱུད་མྱོང་མོད། འོན་ཀྱང་ཁོང་གི་བུ་ཚ་ཚང་མ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་དུས་རབས་གསར་པར་འཚོ་བ་སྐྱེལ་བཞིན་ཡོད། དོན་གྲུབ་དབང་རྒྱལ་གྱིས་སྤྱི་ཚོགས་རྙིང་པ་དང་ད་ལྟ་ནི“དམྱལ་བ་དང་ལྷ་ཡུལ”ལྟ་བུའི་གནམ་ས་འཛོལ་ཡོད། དེས་ན་ཕྲུ་གུ་ཚོས་ངེས་པར་དུ་ལམ་བུ་དེ་ཇི་ལྟར་འགྲིམ་མིན་ཤེས་སུ་འཇུག་དགོས་ཞེས་རྟག་ཏུ་ཤོད་ཀྱི་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དོན་གྲུབ་དབང་རྒྱལ་ཁྱིམ་གྱི་ཕ་ཚ་བུ་རྒྱུད་ཚང་མ་ས་གནས་དེ་གའི་མངའ་བདག་ཚེ་བརྟན་དབང་ཕྱུག་ཁྱིམ་རྒྱུད་ཀྱི་ཞིང་བྲན་ཡིན་པ་དང་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དོན་གྲུབ་དབང་རྒྱལ་ལ་བཅིངས་འགྲོལ་ངོ་མ་ཐོབ་སྟེ་ས་ཞིང་བགོ་བཤའ་རག་ཡོད།

    “སྐབས་དེར་ང་ལོ་17ལ་སླེབས་ཤིང་། གུང་ཁྲན་ཏང་གིས་ང་ཚོ་བསྐྱབས་གནང་བྱུང་། བཀའ་དྲིན་དེ་ངས་ཚེ་གང་བརྗེད་མི་སྲིད། སྐབས་དེ་དུས་ནས་ངས་གུང་ཁྲན་ཏང་ཡོན་ཞིག་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། སྐབས་དེར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ཡུན་རིང་མ་སོང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་མ་ཐག་ཡིན་པས་ཁྱིམ་སྲུང་རྒྱལ་སྐྱོབ་ནི་འགན་འཁྲི་ཆེ་ཤོས་ཡིན”ཞེས་དོན་གྲུབ་དབང་རྒྱལ་གྱིས་སེམས་འགུལ་ཐེབས་བཞིན་བཤད།

    1962ལོར་ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་རང་སྲུང་རྒོལ་ལན་དམག་འཐབ་རྒྱག་འགོ་ཚུགས་ཤིང་། སྐབས་དེར་དོན་གྲུབ་དབང་རྒྱལ་གྱིས་འཐབ་ས་མདུན་མར་འཐབ་འཛིང་པར་རྫས་མདེལ་སྐྱེལ་བར་རང་མོས་ངང་བསྐྱོད་ཡོད།

    གུང་ཁྲན་ཏང་ཡོན་གྱིས་མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་སྔོན་འགྱེལ་རྗེས་མཐུད་བྱེད་པ་མཐོང་སྐབས་དོན་གྲུབ་དབང་རྒྱལ་གྱི་ཏང་ཡོན་བྱ་རྒྱུའི་འདུན་པ་ཇེ་ཆེར་སོང་། 1987ལོར་མཐའ་མཚམས་སུ་སླར་ཡང་དོན་རྐྱེན་ལངས་ཤིང་། དོན་གྲུབ་དབང་རྒྱལ་གྱིས་འཐབ་ས་མདུན་མར་དངོས་ཟོག་དབོར་འདྲེན་བྱེད་པར་བསྐྱོད་རྒྱུར་རང་མོས་ངང་མིང་ཐོ་ཐེངས་གཉིས་པ་བཀོད་པ་དང་། ཁོང་གིས་གཡུལ་སར་ཏང་ནང་ཞུགས་ཏེ་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་ཐོག་ནས་གཡུལ་སར་རྒྱབ་སྐྱོར་བྱེད་པར་བསྐྱོད་ཡོད།

    དོན་གྲུབ་དབང་རྒྱལ་དེ་སྔོན་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་མདོ་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། གྲོང་མིའི་བརྩི་བཀུར་འོག་བུ་ཕུར་བུ་སྐབས་གསར་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་། ཚ་བོ་ཟླ་བ་བཟང་པོ་ནི་དགོན་སྟོད་གྲོང་རྡལ་སློབ་ཆུང་གི་སློབ་ཞུགས་གོང་གི་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་རེད། ཁྱིམ་དུ་ཏང་ཡོན་མི་རབས་གསུམ་ཡོད་པ་དེ་ས་གནས་དེ་གའི་གླེང་འདོད་པའི་གཏམ་དུ་གྲགས།

    482693_yis_1620489600000_s.jpg

    འདི་ནི་དོན་གྲུབ་དབང་རྒྱལ་ཡིན་པ།

    482691_yis_1620489600000_s.jpg

    འདི་ནི་དོན་གྲུབ་དབང་རྒྱལ(མདུན་གྱི་དཀྱིལ)དང་ནང་མིའི་མཉམ་པར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།