དབུ་ཤོག>ཆེད་སྒྲིག
  • སྔོ་ཚལ་དཀོན་པ་ནས་འབེལ་བའི་བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-05-11

    དཔྱིད་དུས་ཀྱི་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ནམ་ལངས་མ་ཐག ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་གྲོང་མི་ལི་ཧྲོའུ་ཡོན་གྱིས་འགྱིག་ལྷམ་གྱོན་ནས་བྲེལ་འཚུབ་ངང་སྔོ་ཚལ་དྲོད་ཁང་ཆེ་མོར་ཕྱིན། ཉེ་དུས། ཞི་ཧུའུ་ལུའུ་དང་། ཀྲོ་མ་ཀྲུ ཁུའུ་ཀྭ་སོགས་སྔོ་ཚལ་འཐུ་བའི་དུས་ཚིགས་སུ་སླེབས་པས་ལི་ཧྲོའུ་ཡོན་དང་བཟའ་ཟླ་ཉི་མ་བྲེལ་འཚུབ་ཧ་ཅང་ཆེ།

    ལྗང་གྲོང་ཚོར་ལི་ཧྲོའུ་ཡོན་བཟའ་ཚོ་ནི་ལས་རིགས་ཞིང་པའི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན། ལྗང་གྲོང་ཚོ་དེ་ཉིད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“སྔོ་ཚལ་གྲོང་ཚོར”གྱུར་ཡོད།

    ལོ་30ལྷག་ཙམ་ཞིང་ལས་བྱས་པའི་ལྗང་གྲོང་ཚོའི་གྲོང་མི་སྤེན་པས་བོད་ཀྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པའི་དཔང་པོ་བྱེད། “ད་ཆ་སྔོ་ཚལ་སོས་པ་དང་། ཤིང་འབྲས། སྟོན་ལྕམ་སོགས‘དར་སོ་ཆེ་བའི་ཚལ’ཁག་གཅིག་ཀྱང་མི་སེར་གྱི་གསོལ་ལྕོག་ཐོག་བཤམས་ཀྱི་ཡོད། སྔོན་ཆད་སྔོ་ཚལ་དེ་དག་རྩ་བ་ནས་ཟ་མྱོང་མེད”ཅེས་སྤེན་པས་བཤད།

    བོད་རྙིང་པར་སྔོ་ཚལ་ནི་རྒྱས་སྤྲོས་དངོས་རྫས་ཀྱི་ཚབ་མིང་ཡིན་པ་དང་། སྔོ་ཚལ་ཟ་བ་ནི་མཐོ་རིམ་སྐུ་དྲག་གི་དམིགས་བསལ་དབང་ཆ་ཡིན་པས་ཞིང་བྲན་མང་པོ་ཞིག་གིས་ཐ་ན་ཚེ་གང་སྔོ་ཚལ་གྱི་བྲོ་བ་ཡང་མྱངས་མྱོང་མེད། 1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་རེད། ཕྱི་ལོར། ལྷ་སར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གིས་ལྷ་སའི་ནུབ་ཀྱི་གྲམ་ཐང་ཞིག་ཏུ་ས་ཞིང་མུའུ་2300ལྷག་ཙམ་གསར་སྦོལ་བྱས་ནས་སྔོ་ཚལ་དང་འབྲུ་རིགས་བཏབ། ཞིང་ར་འདི་ལ“བརྒྱད་གཅིག་ཞིང་ར”ཟེར།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་དེ་དམངས་འཚོ་ལེགས་གཏོང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། གནམ་གཤིས་སོགས་རྒྱུ་རྐྱེན་གྱིས་སྔོ་ཚལ་ཐོན་སྐྱེད་ལ་ཚོད་འཛིན་ཕོག་པའི་གནད་དོན་ཐག་གཅོད་ཐུབ་པས། སྔོ་ཚལ་གྱི་ཐོན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཁྲོམ་རར་སྔོ་ཚལ་མཁོ་སྤྲོད་ཐུབ་ཚད་85%ཡན་ཟིན་གྱི་ཡོད།

    2020ལོར་བོད་ཀྱི་སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་སྟོང་25.82ཟིན་ནས་ལོར་ཐོན་ཚད་ཏུན་ཁྲི་84.34ཟིན་ཡོད། དེ་སྔ“སྔོ་ཚལ་དཀོན་པ”དང་“ཤ་ལས་སྔོ་ཚལ་གྱི་རིན་གོང་མཐོ་བའི”གནས་ཚུལ་ད་ཆ་མཐོང་རྒྱུ་མེད་ཅིང་། བོད་ཀྱི་སྔོ་ཚལ་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    ན་ནིང་ཟླ་4པར་ལི་ཧྲོའུ་ཡོན་བཟའ་ཚོས་སྒོར་ཁྲི་7ལྷག་ཙམ་བཏང་ནས་གྲོང་ཚོའི་དྲོད་ཁང་ཆེ་མོ་4འགན་གཙང་བླངས་པ་དང་། ཆེད་ལས་ལག་རྩལ་པའི་མཛུབ་ཁྲིད་འོག་ལི་ཧྲོའུ་ཡོན་གྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་དེ་བས་བྱང་ཆུབ་པར་གྱུར། “དེ་སྔ་ཡུལ་ཐབས་ལ་བརྟེན་ནས་ཚལ་འདེབས་ཀྱི་ཡོད་པས། ཚལ་གྱི་སྤུས་ཚད་སྤྱིར་བཏང་ཡིན་ལ་ཐོན་ཚད་ཀྱང་མཐོ་པོ་མེད། ད་ཆ་ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད། ངས་ཚལ་འདེབས་པའི་དྲོད་ཚད་དང་། བརླན་ཚད། གནོད་འབུ་འགོག་བཅོས་བཅས་ཡག་པོ་བྱེད་ཐུབ་ཀྱི་འདུག དུས་ཚིགས་སོ་སོར་ཚལ་གང་ཞིག་འདེབས་པ་དང་ཚལ་གང་དག་འདེབས་ཆོག་མིན་ཐད་སེམས་ནང་གདེང་ཚོད་ཆེན་པོ་ཡོད”

    “ལྗང་གྲོང་ཚོ་མཚོན་བྱེད་དུ་བྱེད་པའི་ཆུ་ཤུར་རྫོང་གིས་ཉེ་བའི་ལོ་ཤས་རིང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ས་གནས་དེ་གའི་མི་སེར་གྱི‘ཤ་ཚལ་སྒོང་གསུམ’ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཕན་འབྲས་ཆེ་བའི་དཔལ་འབྱོར་སྐྱེ་དངོས་དེ་དག་ཕྱིར་ཚོང་དང་དེ་བཞིན་ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་ལས་མི་སེར་གྱི་ཡོང་འབབ་ཀྱང་འཕར་ཡོད་ཅེས་ཆུ་ཤུར་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་གཡང་འཛོམས་ཀྱིས་བཤད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། སྔོ་ཚལ་ཐོན་ལས་མང་ཚོགས་ཀྱི་དབུལ་སྒྲོལ་འབབ་འཕར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་ལོ་མང་རིང་ཧྲན་ཏུང་གི་སྔོ་ཚལ་ཐོན་ལས་ཀྱི་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས་ས་མཐོའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་བརྒྱུད་མིག་སྔར་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་ཁུལ་བསྐྲུན་ཟིན་པ་རེད། ན་ནིང་ལོ་མཇུག་བར་པ་སྣམ་རྫོང་ཁོ་ནར་མི་4000ལྷག་ཙམ་ཤིང་འབྲས་དང་སྔོ་ཚལ་ཐོན་སྐྱེད་ལ་བརྟེན་ནས་འབབ་འཕར་བྱུང་སྟེ་དབུལ་སྒྲོལ་ཐུབ་ཡོད།

    གྲངས་གཞི་ལས་མངོན་པར། བོད་ཀྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་ལོ་35.5ནས་ད་ཆའི་ལོ་71.1བར་རིང་དུ་ཕྱིན་ཡོད། ཡོངས་ཁྱབ་ངང་ངོས་འཛིན་བྱས་དོན། སྨན་བཅོས་ཆ་རྐྱེན་ལེགས་སུ་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ་ཕུད། སྔོ་ཚལ་འཛད་སྤྱོད་བྱེད་ཚད་མང་དུ་གཏོང་བ་དང་དེ་བཞིན་བཟའ་བཏུང་གི་གྲུབ་ཆ་ལེགས་སུ་གཏོང་རྒྱུའང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།