
འདི་ནི་བགྲེས་སོང་བསོད་ནམས་སྟོབས་རྒྱལ་གྱི་འདྲ་པར་ཡིན་པ།

འདི་ནི་བགྲེས་སོང་བསོད་ནམས་སྟོབས་རྒྱལ་དང་ཁོང་གི་ནང་མིའི་འདྲ་པར་ཡིན་པ།
1939ལོར་སྐྱེས་པའི་བསོད་ནམས་སྟོབས་རྒྱལ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ན་ལུང་གྲོང་ཚོའི་འབྲོག་པ་ཞིག་ཡིན།
བོད་རྙིང་པའི་འཚོ་བར་དྲན་གསོ་བྱེད་སྐབས་བགྲེས་སོང་ཁོང་གིས། སྐབས་དེ་དུས་ང་ཚོ་ནང་མི་ཚང་མ་མངའ་བདག་ཆེན་པོ་གསུམ་གྱི་ཞིང་བྲན་ཡིན་པས། ཉིན་མཚན་དབྱེར་མེད་དུ་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་ཕོག་པ་དང་ཁྲལ་རྫོགས་རྒྱུ་མེད་པ་འཇལ་དགོས་པ་མ་ཟད། ད་དུང་སྐབས་དེ་དུས་ཀྱི་བཀའ་ཤག་སྲིད་གཞུང་ལ་ཁྲལ་འུ་ལག་རྒྱུག་པ་དང་། དགོན་སྡེར་ལས་ཀ་བྱེད་པ། ཡུལ་དེའི་འབྲོག་བདག་ལ་ཕྱུགས་འཚོ་བ་བཅས་ཀྱང་བྱེད་དགོས་ཀྱི་ཡོད་ཅེས་བརྗོད།
ཁོང་གི་ངེས་གསལ་ལ་རྒན་རབས་ཚོས་ནམ་མ་ལངས་གོང་ནས་ཁྲལ་འུ་ལག་རྒྱུག་དགོས་ཤིང་། མར་གྱི་ཁྲལ་དང་། ཕྱུར་བའི་ཁྲལ། ཤའི་ཁྲལ་བཅས་ཕུད། ད་དུང་གྲོ་མའི་ཁྲལ་དང་ཤ་མོའི་ཁྲལ་ཡང་འཇལ་དགོས་ཀྱི་ཡོད།
ཐེངས་ཤིག་བསོད་ནམས་སྟོབས་རྒྱལ་དང་ཡུལ་མི་ཚོ་མར་གྱི་ཁྲལ་འཇལ་བར་སྐྱོད་སྐབས་ཉི་མའི་འོད་ཀྱིས་རས་ཕད་ནང་གི་མར་བཞུར་ནས་རས་ཕད་ལ་སྦྱར། ཁྲལ་འཇལ་ནས་གྲོང་ཚོར་ལོག་སླེབས་རྗེས་ཁོང་ཚོས་རས་ཕད་ལ་སྦྱར་བའི་མར་གྱིས་ཇ་བསྲུབས་མ་བཟོས་ཏེ་བཏུངས་པ་རེད།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས། བསོད་ནམས་སྟོབས་རྒྱལ་ལ་ནོར་ལུག་དང་རྩྭ་ར་བགོ་བཤའ་ཐོབ་པ་མ་ཟད། ད་དུང་ནད་ཀྱིས་མནར་བའི་ཕར་སྨན་རིན་མི་དགོས་པར་སྨན་བཅོས་བྱས། ཁོང་གིས་ཁྲལ་འུ་ལག་རྒྱུག་མི་དགོས་པ་དང་ཁྲལ་ཡང་འཇལ་མི་དགོས་པའི་ཁར། ད་དུང་གྲོང་ཚོའི(ཚོགས་ཆུང)ལས་བྱེད་པ་དང་། རྩིས་པ། བདེ་འཇགས་དོ་དམ་པ་སོགས་དེ་སྔ་བསམ་བློར་ཡང་འཁོར་མི་ཕོད་པའི“དཔོན་པོའི”འགན་ཡང་འཁུར་བ་རེད།
2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན། ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་བསོད་ནམས་སྟོབས་རྒྱལ་གྱི་ནང་མིས་འདྲུད་འཐེན་འཁོར་ལོ་དང་། ལྕགས་གཞོང་རླངས་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་སྔ་རྗེས་སུ་ཉོས་པ་དང་། ནང་མི་ཚང་མའི་དཀའ་སྤྱད་འབད་བརྩོན་བརྒྱུད་འཚོ་བའི་ཆ་རྐྱེན་དེ་བས་ལེགས་སུ་ཕྱིན་ནས་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་བ་རེད།