འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོའི་རྒད་པོ་ཚེ་རིང་ཡིན་པ།
འདི་ནི་རྒད་པོ་ཚེ་རིང(གཡོན་གྱི་དང་པོ)གིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོར་ནང་མི་དང་མཉམ་པར་རྒྱག་བཞིན་པ།
1944ལོར་སྐྱེས་པའི་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་གི་འབྲོག་པ་ཞིག་རེད། བོད་རྙིང་པར་འབྲོག་ཁུལ་གྱི་ཁྲལ་རིགས་ནང་ཤ་ཁྲལ་དང་། མར་ཁྲལ། ཕྱུ་རའི་ཁྲལ། ལྕི་བའི་ཁྲལ། ཚྭ་ཁྲལ་ལ་སོགས་ཡོད། ཁྲལ་ལྕི་པོ་འཇལ་དགོས་པ་ལས་དབུལ་པོ་ཚོ་དུས་ནམ་ཡང་ཕྱུག་པོ་ཆགས་ཐབས་བྲལ། ཚེ་རིང་གིས“གལ་སྲིད་ད་ལོ་ངས་མར་རྒྱ་མ་གང་གཡར་ན་སང་ལོར་མར་རྒྱ་མ་གཉིས་འཇལ་དགོས། དེ་ལྟར་ང་ཚོ་མི་རབས་ནས་མི་རབས་བར་ཁྲལ་ཐོག་ཁྲལ་བསྣན་ནས་ལངས་ཐབས་བྲལ། ཁྲལ་འདི་རིགས་རིམ་བཞིན་མངའ་བདག་ལ་འཇལ་དགོས་པའི་བུ་ལོན་དུ་གྱུར་གྱི་ཡོད”ཅེས་བཤད། ཆུང་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་སྐབས་ཨ་མས་བུ་ལོན་འདེད་མཁན་ལ་པུས་མོ་བཙུགས་ནས་ཞུ་བ་རྒྱག་པ་ཚེ་རིང་གིས་ད་ལྟའང་རབ་རིབ་ཅིག་ངེས་ཀྱི་ཡོད། ཁོང་གིས་བུ་ལོན་དེ་དག་ནི་ཕ་མེས་ཡང་མེས་ནས་བཞག་པ་ཞིག་རེད་ཅེས་བཤད།
1959ལོར་ཚེ་རིང་དང་འདྲ་བའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། ཁོང་གི་ཁྱིམ་ལ་ནོར་ལུག་དང་རྩྭ་ར་བགོ་བཤའ་རག་པ་དང་ཁང་པ་གསར་པ་བརྒྱབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ད་ཆ་ཚེ་རིང་ཁྱིམ་གྱིས་འབྲོག་ལས་དང་སྐྱེལ་འདྲེན་ལས་རིགས་ལ་བརྟེན་ནས་ལོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་པ་དང་ཁོང་ཁྱིམ་གྱི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་ནི་གྲོང་ཚོའི་ནང་གི་སྡོད་ཁང་ཡག་ཤོས་ཀྱི་གྲས་ཤིག་རེད།