འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། ཏང་གི་ལོ་རྒྱུས་གློག་བརྙན་སྟོན་པ། དང་བླངས་ཞབས་ཞུ་སྒྲིག་འཛུགས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་བཏོད་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཁག་གིས་སྨྱན་སྦྱོར་གསར་པ་དང་། དྲིལ་བསྒྲགས་ཡིག་སྒྲོམ། གྲོང་ཚོ(སྡེ་ཁུལ) དགོན་སྡེའི་རྒྱང་བསྒྲགས་ས་ཚིགས་སོགས་སྤྱད་ནས་ཏང་གིས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བདེ་སྐྱིད་དོན་གཉེར་དང་བསྐྱར་དར་དོན་གཉེར་བྱེད་པའི་རླབས་ཆེན་ལོ་རྒྱུས་ཀྱི་ལམ་བུ་གསལ་འགྲེལ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོའི་ཏང་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་འཕེལ་བར་བྱས་ཡོད། 《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་ལེགས་སྐྱེས་ཕུལ་བའི་གློག་བརྙན་དང《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་སྒྲ་བརྙན་སོགས་སྒྲིག་བཟོ་པར་ལེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས《ཏང་དབུ་བརྙེས་པའི་བྱ་གཞག་རླབས་པོ་ཆེ》སོགས་གསར་བརྗེའི་གློག་བརྙན་བལྟས་པ་དང་ཏང་གི་ལོ་རྒྱུས་བསྐྱར་དྲན་བྱས་ཏེ་མང་ཚོགས་ཚོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད། རྒྱ་ཆེའི་དང་བླངས་པ་སྒྲིག་འཛུགས་བྱས་ནས་བརྗོད་དོན་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་དང་བླངས་བྱེད་སྒོ་སྤེལ་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་དྲང་ནུས་གཅིག་སྒྲིལ་བྱས་ཡོད།