འདི་ནི་ལྷག་ཆོས་ཡིན་པ།
འདི་ནི་རྒན་མོ་ལྷག་ཆོས(གཡོན་གྱི་གཉིས་པ)དང་། བུ་མོ་རྒན་པའི་མག་པ་པ་སངས(གཡོན་གྱི་དང་པོ) བུ་མོ་རྒན་པ་དཔལ་བཟང་མོ(གཡས་ཀྱི་དང་པོ) ཡང་ཚ་པད་མ་གཡང་ལགས་བཅས་ཁྱིམ་དུ་མཉམ་པར་རྒྱག་བཞིན་པ།
1941ལོར་སྐྱེས་པའི་ལྷག་ཆོས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དར་ལྡིང་ཤང་གནས་ནང་གྲོང་ཚོའི་ཡུལ་མི་རེད།
བོད་རྙིང་པར་ཁྱིམ་ཚང་སྐྱོ་པོ་ཡིན་ཁར་ཨ་མ་སྔ་ས་ནས་གྲོངས་པས་ལྷག་ཆོས་ཆུང་དུས་ནས་ཞིང་བྲན་བདག་པོའི་ཁྲལ་འུ་ལག་རྒྱུག་དགོས་བྱུང་ཡོད། ཞིང་བྲན་བདག་པོའི་ཕྲུ་གུར་ལྟ་རྟོག་བྱེད་པ་དང་། བལ་བཀྲུ་བ། ཕོར་པ་བཀྲུ་བ་སོགས་ཉིན་གང་ལས་ཀ་ཚར་རྒྱུ་མེད་པ་ཞིག་བྱེད་དགོས། དེས་མ་ཚད་ལྟོ་དུས་གསུམ་ལའང་ཇ་བསྲུབས་མ་འཐུང་རྒྱུ་མེད་པའི་ཁར་ལྟོ་ཚ་པོ་ཞིག་ཀྱང་ཟ་བསྐལ་མེད། མཚན་མོ་རང་ཉིད་ཉལ་ཐུབ་ཙམ་གྱི་ཁང་ཆུང་ཞིག་ཏུ་ཉལ་དགོས་ཀྱི་ཡོད། སྐབས་དེ་དུས་ཀྱི་འཚོ་བ་དཀའ་སྡུག་ཆེན་པོ་རེད།
ཁོང་གིས“སྐབས་དེ་དུས་ང་ཚོ་བྲན་གཡོག་གི་ཁང་པ་ནི་ཞིང་བྲན་བདག་པོའི་བ་ཚང་ལྟར་རེད། ཁོ་ཚོའི་མིག་ལམ་དུ་ང་ཚོ་དུད་འགྲོ་ལྟ་བུར་བརྩི་གི་ཡོད”ཅེས་བརྗོད།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ལྷག་ཆོས་ལ་གཞི་ནས་མི་ལུས་རང་དབང་ཐོབ་པ་རེད། ཁོང་གིས་གུང་ཁྲན་ཏང་ནི་ཉི་མ་དང་འདྲ་བར་ང་ཚོའི་ནང་ཚང་ལ་དྲོ་སྐྱིད་བྱིན་པ་མ་ཟད། ནང་མི་ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་བཞིན་ཡོད། ད་ཆ་ང་ལོ་ན་ཆེ་ཡང་ཕྲུ་གུ་ཚོ་ལྟོ་གོས་གྲུང་པོ་ཡོད་པས། ད་ལྟའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བརྗོད།