དབུ་ཤོག>ཆེད་སྒྲིག
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་རིག་གནས་འཛུགས་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-06

    གསར་འགོད་པར་ལྗོངས་ཡོངས་ཀྱི་རིག་གནས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་དམིགས་ཏེ། ཏང་གིས་རིག་གནས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་པར་བསྒྲུབས་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། ཉིང་ཁྲི་དང་། ལྷོ་ཁ། ལྷ་ས་བཅས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་སྤུས་ལེགས་བཏོད་པ་དང་། ལྷ་སའི་ཞོ་སྟོན་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་90ཡི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ། ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་དང་འཁྲབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ།《བོད་ལ་འཆང་བའི་བརྩེ་སེམས》དང་། 《ཐུན་མོང་གི་ཁྱིམ་གཞིས》 《བར་སྐོར་གྱི་སྒོ་ར་བྱང་མ》སོགས་བརྗོད་བྱ་མི་འདྲ་བའི་ཕུལ་བྱུང་འཁྲབ་ཚན་ཁག་གཅིག་བརྩམས་ནས་བཏོན་པ་དང་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཐེངས་ཁྲི་6ཙམ་བྱས་ཡོད། 

    རང་ལྗོངས་ཀྱིས་རིག་གནས་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་ཁར། རིག་གནས་ཐོན་ལས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། “རིག་གནས་བསམ་བཀོད་ལྡན་པའི་བོད་ལྗོངས”ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་གཙོ་གནད་ཐོག་སྐྱེད་སྲིང་བྱས་ཡོད། ཧྲང་ཧའེ་དང་། ཧྲེན་ཀྲེན། ནན་ཅིང་། ཁྲང་ཧྲ། ནེ་པ་ལའི་ཀ་ཏ་མན་རྡུ། ཐ་ཇིག་སི་ཐན་གྱི་རྡུང་ཤང་པེ་སོགས་རྒྱལ་ཁབ་ཕྱི་ནང་གི་གཙོ་གནད་གྲོང་ཁྱེར་དུ“བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐར་ཁུང”བཙུགས་ཡོད། 2020ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིམ་ཁག་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)234དང་། རིགས་ཁག་གི་རིག་གནས་ཁྲོམ་རའི་བྱེད་པོ་7500ལྷག་ཙམ། ལས་ཞུགས་མི་སྣ་ཁྲི་7ཙམ་བཅས་ཡོད་པ་དང་། ལས་རིགས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60.95ཟིན་པ། ལོ་རེའི་ཆ་སྙོམས་འཕར་ཚད་15%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    རང་ལྗོངས་ཀྱིས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་20ལྷག་ཙམ་བཏོན་པ་དང་ལྗོངས་ཡོངས་ཀྱི་ཆེད་ལས་རིག་རྩལ་ཁང་དང་ཚོགས་པ་10ལ་སྣེ་ཁྲིད་བྱས་ཏེ། སྤྱི་པའི་རིག་གནས་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ལྗོངས་ཡོངས་ཀྱི་སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་གནས་སྤོས་ས་ཁུལ་དང་། ས་ཁུལ་དབུལ་པོ། མཐའ་མཚམས་ས་ཁུལ་བཅས་ལ་ཕྱོགས་པ། ལྗོངས་ཡོངས་ཀྱི་གླུ་གར་འཁྲབ་སྟོན་ཁང་གིས་ཞིང་འབྲོག་པ་མི་ཐེངས་ཁྲི་7ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱས་པ། ལྗོངས་ཡོངས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་ལས་ཞུགས་བཟོ་ཁང་108བཙུགས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1710ལ་དབུལ་སྒྲོལ་སྐུལ་ཁྲིད་ཐུབ་པ། མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་མི་རེ་གཉིས་ནས་མང་པོའི་བར་འགྱུར་ལྡོག་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།