དབུ་ཤོག>ཆེད་སྒྲིག
  • ཆབ་མདོས་ཏང་རྩ་འཛུགས་ཀྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-06

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་བྱ་རྒྱུ་གཅིག་འདོམས་སུ་བྱས་ནས་གནད་དོན་དང་ཞན་ཆར་དམིགས་པ་དང“ཁྱབ་པ་གཉིས”ལ་དམ་འཛིན་བྱས་ཏེ། “གསར་གཉིས”རྩ་འཛུགས་ཏང་རྩ་འཛུགས་ཀྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་གི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འབུར་དུ་ཐོན་པ་བྱས་ནས་ལས་དོན་སྤེལ་རྒྱུར་འདེགས་སྐྱོར་བྱས་ཤིང་། རིམ་ཁག“གསར་གཉིས”ཏང་རྩ་འཛུགས་ཀྱིས་རིམས་འགོག་ལས་དོན་དྲིལ་བསྒྲགས་ལ་མཛུབ་ཁྲིད་བྱས་ནས“གསར་གཉིས”མང་ཚོགས་མི་ཐེངས་ཁྲི་12.5ལ་ཁྱབ་པ་བྱས་པ་དང་འབྲེལ། གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་ཡོན་ལས་བཟོ་སྐུལ་སློང་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་དངུལ་དང་དངོས་པོ་སྒོར་ཁྲི་230ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱེད་སྒོ་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་55དང་མཐའ་མཚམས་གྲོང་ཚོ་དབུལ་པོ་72ཆ་སྒྲིག་རོགས་སྐྱོར་བྱས་ནས། དུད་ཚང་85ཡི་མི་429ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་480འཕར་རྒྱུར་རོགས་རམ་བྱས་ཡོད། ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་འགྲིམ་འགྲུལ་དང་ཡུལ་སྐོར་ཐད“གསར་གཉིས”རྩ་འཛུགས་ཏང་འཛུགས་སྐྱོང་དཔེ་སྟོན་ཁུལ་18བཏོད་དེ་ཏང་འཛུགས་སྐྱོང་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་རམ་འདེགས་བྱེད་པར་སྐུལ་འདེད་བཏང་ཡོད།

    “ཁྱབ་པ་གཉིས”རྒྱ་ཆེར་བཏང་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། ཏང་རྩ་འཛུགས་ཁྱབ་ཚད་དང་ཏང་གི་ལས་དོན་ཁྱབ་ཚད་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། 2020ལོའི་གྲོང་ཁྱེར་ཡོངས་ཀྱི“ཡོད་པ་གསུམ”གྱི་ཚད་གཞིའི་ཁེ་ལས་སུ་ཏང་རྩ་འཛུགས་ཁྱབ་ཚད་36.05%ཟིན་པ་དེ་དུས་མཚུངས་ལས་17.61%མང་དུ་ཕྱིན་པ་དང་། སྤྱི་ཚོགས་རྩ་འཛུགས་དང་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་པ་དེ་དུས་མཚུངས་ལས་44.45%མང་དུ་ཕྱིན་པ། གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་གཏན་འཁེལ་བྱེད་པའི་རྨང་གཞིའི་ཐོག་སྔ་རྗེས་སུ“གསར་གཉིས”རྩ་འཛུགས་ཏང་འཛུགས་སྐྱོང་མཛུབ་ཁྲིད་པ་345ཉེ་སར་ཏང་གི་ལས་དོན་སྤེལ་བར་མངགས་པ་དང་འབྲེལ། གྲོང་ཁྱེར་གྱི་མང་ཚོགས་ཚོགས་པ་དང་རྩ་འཛུགས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བ་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཁྱབ་ཚད་སྔར་བས་མང་དུ་ཕྱིན་ཡོད་པ་རེད། 2020ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོགས་དང་། ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སུ་ཏང་རྩ་འཛུགས་ཁྱབ་ཚད་39.50%དང་། 33.23% 36.68%སོ་སོར་ཟིན་ཡོད་པ་རེད།

    གནད་དོན་དང་ཞན་ཆར་དམིགས་ནས་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་ཞིང་། གྲོང་ཁྱེར་རིམ་པའི“གསར་གཉིས”ལས་རིགས་ཏང་ཨུད་ལྔའི་སྟོང་པར་ལུས་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཨུ་ཡོན་ལེགས་སྒྲིག་དང་གསབ་འདེམས་བྱས་པ་དང་། གྲོང་ཁྱེར་རིམ་པའི་ལས་རིགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་བྱས་ཏེ“གསར་གཉིས”ཏང་རྩ་འཛུགས་ཀྱི་འབོད་སྐུལ་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེ་རུ་བཏང་བ་རེད། “གསར་གཉིས”ཏང་ཡོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རིམ་པ་དང་རིགས་དབྱེ་ནས་ཏང་ཡོན་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོར་ཏང་ཡོན་97འཕེལ་རྒྱས་བཏང་བ་དང་འབྲེལ“མངོན་མེད་ཏང་ཡོན”དང“ཁུག་མའི་ཏང་ཡོན”25འཚོལ་ཞིབ་བྱས་པ་དང་འབྲེལ་ཐག་ཉེ་སའི་ཏང་རྩ་འཛུགས་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།