བཟོ་ཚོགས་ནི་ཏང་དང་ལས་བཟོ་མང་ཚོགས་དབར་གྱི་སྦྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་རེད། དུས་ཡུན་རིང་པོའི་ནང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དོན་འཁྱོལ་བྱས་ཏེ། བཟོ་ཚོགས་ཁོངས་གཏོགས་ཀྱི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།
རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་བ།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ“མིག་དཔེ་གསུམ་ཡག་པོ་བྱེད་པ་དང་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་པའི”དམིགས་ས་དང་ཤུགས་རྒྱག་སར་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་རྒྱུན་ཆད་མེད་པར་སྤྲོས་པ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་རེད།
ཏང་སྲོལ་སྲིད་གཙང་གི་སློབ་གསོ་དེ་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ནང་བཅུག་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སློབ་གསོ་སྔོན་འཇོག་དང་། ཉེན་བརྡ་སྔོན་གཏོང་། སྔོན་འགོག་བཅས་མཐའ་འཁྱོངས་བྱེད་པ། ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཙོ་རྐང་ལ་དམིགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་ནན་པ་གསུམ”གྱི་ཆེད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།
སློབ་སྦྱོང་རྨང་གཞིར་བྱེད་པ་དང་བསྒྲུབ་རྒྱུ་འགག་རྩར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་གཙོ་གནད་དུ་འཛིན་པ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས། ཀུན་སྤྱོད་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། མི་ཆོས་རིག་གནས་ལ་སྣང་ཆེན་བྱེད་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སྒྲིག་ལམ་གྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
འགན་འཁྲི་གཙང་སྒྲུབ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པ།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འགན་འཁྲི་གཙང་སྒྲུབ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་རེད།
འགན་འཁྲི་འཁུར་ཕོད་པ་བྱས་ནས་སྔོན་ཇུས་ཡག་པོ་བཏིང་བ། ལས་ཁུངས་སྒྲིག་ཨུད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་དང་། འགན་འཁྲི་འཁུར་སེམས་སྔར་བས་ཆེར་གཏོང་། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དངོས་སུ་དོ་དམ་ནན་པོ་དང་། དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་ནན་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་འཁུར་སྐབས་གཞོགས་འདེགས་གང་ལེགས་བྱེད་པའི་ལས་དོན་སྒྲུབ་སྟངས་ཤིག་ཆགས་པ་དང་། ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཏང་ཙུའི་གྲོས་དོན་གྱི་ནང་དོན་གལ་ཆེན་ནང་འཇུག་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དེ་ལས་སྒོ་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད། མཉམ་དུ་དཔྱད་ཞིབ་བཅས་ཐུབ་པར་བྱས་པ་རེད།
རང་ངོས་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས་འགན་འཁྲི་ཧུར་ཐག་ཁུར་བ། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་ལྷག་བསམ་རྣམ་དག་དང་། འགན་འཁྲི་འཁུར་ཕོད་པ། སྒྲིག་བཀུར་ཁྲིམས་སྲུང་། སྤྱོད་བཟང་གཞུང་དྲང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བཏོད་པས། ཏང་ཡོན་ལས་བྱེད་པའི་ལས་སྒོའི་བྱང་ཚད་དང་ཆེད་ལས་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་པ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ཚད་གཞིར་བྱས་ནས་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཕྱིན་པ་རེད།
སྒྲིག་ཁྲིམས་ནན་སྐྱོང་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་དང་། འགན་འཁྲི་བདའ་འདེད་ཀྱི་བྱེད་ཐབས་ནན་པོ་སྤྱད་དེ་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱོན་བརྗོད་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འགན་འཁྲི་བདའ་འདེད་ནན་པོ་བཏང་བ་བརྒྱུད་འགན་འཁྲི་འཁུར་བའི་སྙིང་སྟོབས་འཕེལ་ཐབས་བྱས་པ་དང་ཆབས་ཅིག“དབྱེ་འབྱེད་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་གཏོད་བྱེད་སེམས་བཅས་འཕེལ་བར་བྱས་པ་རེད།
ཏང་ཙུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལས་བགོས་ལྟར་འགན་འཁྲིའི་ཁྱབ་ཁོངས་ཀྱི་ལས་དོན་ལ་འགན་འཁྲི་གཙོ་བོ་ཁུར་བ། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་ལྟར་འགན་འཁུར་སྡེ་ཚན་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་འགོ་ཁྲིད་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱེད་པ་དང་། འགན་འཁུར་སྡེ་ཚན་དང་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ“ངེས་པར་དུ་གླེང་དགོས་པ་བཞི”བསྒྲུབས་ཡོད།