དབུ་ཤོག>ཆེད་སྒྲིག
  • ཟ་ཁང་ཆུང་ཆུང་ལས་ཡོང་འབབ་མང་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-06

    བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོ་ནི་གྲོག་རོང་ཆེ་མོའི་ཡུལ་སྐོར་ལམ་རྒྱུད་དུ་གནས་ཡོད་པས། ཇི་ལྟར་བྱས་ནས་ས་བབ་ཀྱི་ལེགས་ཆ་དེ་བེད་སྤྱོད་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་ཐོག་སྨད་གྲོང་ཚོའི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་དུ་གྱུར་ཡོད། མ་དངུལ་བརྩོན་ལེན་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་དངུལ་བཏང་བ་བརྒྱུད། ཐོག་སྨད་གྲོང་ཚོ་དེ་སྨན་རི་ཤང་གི་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ལྟེ་གནས་ཐོག་མ་བསྐྲུན་ནས་བཟའ་བཏུང་དང་ཞིང་ལས་ཐོན་རྫས་བྲིན་ཚོང་གི་ཞབས་ཞུ་གཙོ་བོར་བྱས་ཡོད།

    ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ལྟེ་གནས་བསྐྲུན་རྗེས་གྲོང་མི་མི་ཉུང་བ་ཞིག་གིས“ང་ཚོས་གཉེར་སྐྱོང་བྱེད་མི་ཤེས་པས་བོགས་མར་བཏང་ན་ཡག་པོ་འདུག དེ་འདྲ་བྱས་ན་གྱོང་གུན་ཕོག་པའི་སེམས་ཁྲལ་མེད་པར་ལོ་ལྟར་བོགས་དངུལ་སྒོར་ཁྲི་གཉིས་གསུམ་ལེན་རྒྱུ་ཡོད་པས་ཧ་ཅང་ཡག་པོ་འདུག”སྙམ་ནས། སྣེ་ལེན་ལྟེ་གནས་དེ་བོགས་མར་བཏང་ནས་ལོ་ལྟར་གཏན་འཇགས་ཀྱི་བོགས་དངུལ་རག་ཐབས་བྱེད་ཀྱི་ཡོད།

    གང་སར་སྐད་ཆ་དྲིས་པ་བརྒྱུད། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མི་ཚོས་གཉེར་སྐྱོང་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཞབས་ཞུའི་ལྟེ་གནས་སྒོ་བརྒྱབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། “སྐྱེས་པ་ནས་ཚང་མ་ཤེས་མཁན་གྱི་མི་ཞིག་མེད། འབད་བརྩོན་དང་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་གསོ་སྦྱོང་བྱས་ཚེ་ང་ཚོས་སྣེ་ལེན་ལྟེ་གནས་གཉེར་སྐྱོང་ཡག་པོ་བྱེད་ཐུབ་ངེས་རེད”ཅེས་མང་ཚོགས་ཚོགས་ཆེན་ཐོག་གྲོང་སྡོད་ལས་དོན་རུ་ཁག་གི་སྐད་ཆ་དེར་ཚང་མ་བསམ་གཞིག་གི་ཀློང་དུ་ཚུད།

    མཐར་གྲོས་བསྡུར་བྱས་པ་བརྒྱུད། གྲོང་ཚོ་ཨུ་ལྷན་གྱིས་སྣེ་ལེན་ལྟེ་གནས་དེ་རང་བརྟེན་གཉེར་སྐྱོང་བྱ་རྒྱུའི་ཐག་བཅད་དེ་མ་བྱན་གཅིག་གདན་ཞུ་བྱས་ནས་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་རིང་སྣེ་ལེན་ལྟེ་གནས་ལས་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།

    གྲ་སྒྲིག་བྱས་པ་བརྒྱུད་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་སྟེ། ཁྲོམ་རའི་ངེས་གནས་དང་གཉེར་སྐྱོང་བྱེད་སྟངས་ནས་ཁང་པའི་ནང་གི་བཀོད་པ་དང་ཚལ་སྣ་ཚོགས་སོགས་ཀྱི་གྲུབ་ཚུལ་ཐད་གྲོང་སྡོད་ལས་དོན་རུ་ཁག་གིས་ནམ་ཡང་གནས་ཐུབ་པའི་གཉེར་སྐྱོང་བྱེད་སྟངས་དང་གཉེར་སྐྱོང་དཔུང་ཁག་ཅིག་གསོ་སྦྱོང་བྱས་ཡོད། “གཉེར་སྐྱོང་གི་ལས་ཀ་དེ་མ་བྱས་ན་མི་ཤེས་པ་ལྟར། ཟ་ཁང་གཉེར་རྒྱུ་དེའང་འཇོན་ཐང་ཞིག་རེད་འདུག གྲོང་ཚོའི་ལས་བྱེད་པས་ཀྱང་ད་དུང་གཉེར་སྐྱོང་གི་ལས་ཀ་དེ་བྱེད་དགོས་ཀྱི་རེད་བསམ་མ་བྱུང་། ཕྱིས་སུ་རྒན་ཡོལ་ཞུས་རྗེས་རང་ཉིད་ཀྱིས་ཀྱང་ཟ་ཁང་ཞིག་འཛུགས་ཆོག ཡོང་འབབ་མེད་པའི་སེམས་ཁྲལ་མི་འདུག”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དགེ་ལེགས་ཀྱིས་དགོད་སློང་བཞིན་དུ་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།