དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཟུར་ཁྲིད་འཆད་ཁྲིད་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-06

    ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་འབུམ་རམས་པ་ཁྲེན་ལེ་གདན་དྲངས་ནས། “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ནས་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་པ་ཞིག་འཛུགས་དགོས” ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་འཆད་ཁྲིད་གཉེར་བ་རེད།

    ཐེངས་འདིའི་འཆད་ཁྲིད་ཐོག་བོད་ཀྱི་དོན་དངོས་དང་དེ་བཞིན་སློབ་གསོའི་ཁོངས་གཏོགས་ཀྱི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ནས“ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་རྒྱབ་ལྗོངས་དང་བླང་བྱ་དང་། ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་གོ་རིམ། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་བཟུང་ནས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ལ་ལྟ་བ”བཅས་ཕྱོགས་གསུམ་གྱི་ཐད་ནས་ཆེད་དོན་ཟུར་ཁྲིད་བྱས་པ་དང་། ཚོགས་ཞུགས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཀྲུང་གོ་གུང་ཁྲན་ཏང་གིས་བསྐྱོད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་བརྒྱའི་ལམ་བུ་བསྐྱར་དྲན་བྱས་པ་དང་སྦྲགས། ཏང་གི་ལོ་རྒྱུས་ནང་འཁོད་པའི་ཕུན་སུམ་ཚོགས་པའི་གསར་བརྗེའི་སྙིང་སྟོབས་དང་ལོ་རྒྱུས་རིག་གནས་ལ་དབྱེ་ཞིབ་གཏིང་ཟབ་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།