ཉེ་དུས་ཏང་ཡོན་ལས་བྱེད་པའི་དཔེ་བཟང་ལག་བསྟར་གྱི་ནུས་པར་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་གཞི་རིམ་གྱི་ལས་དོན་དང་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་ཁག་ལ་ཁྱབ་ཐུབ་པ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“ཏང་ཡོན་གྱིས་སྣེ་ཁྲིད་དཔེ་སྟོན་བྱས་ནས་ཚོང་དུད་ལ་དང་བླངས་ཞབས་འདེགས་ཞུ་བའི”བྱེད་སྒོ་སྤེལ་ཏེ། དང་བླངས་ཞབས་འདེགས་ཞུ་བ་དེ་འགོ་འཛུགས་སར་བྱེད་པ་དང་གཞི་རིམ་དང་མང་ཚོགས་ཀྱི་རེ་བ་དང་བསྟུན་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་སེམས་ལག་ལེན་བསྟར་ནས་དང་བླངས་ཞབས་འདེགས་ཀྱི་་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད།
ད་ཐེངས་ཀྱི་ཞབས་འདེགས་ལ་མང་ཚོགས་ཀྱི་དགའ་བསུ་དང་ཁས་ལེན་ཐོབ་ཏེ་ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཡོད། བྱེད་སྒོར་ཞུགས་མཁན་ལས་བྱེད་པ་ཡོངས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནང་ཧུར་ཐག་ཞུགས་ནས་རང་ངོས་མཐོར་གཏོང་དང་རང་ངོས་སྦྱོང་བརྡར་ཐེབས་པར་བྱས་ཏེ། ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་ཡིན་ལ། རང་ཉིད་ཏང་ཡོན་ཡིན་པ་ནམ་ཡང་སེམས་ལབརྟན་པོར་ངེས་པ་བྱ་རྒྱུ་ཡིན་ཞེས་བཤད།
གཡོན་གྱི་པར་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
གཡས་ཀྱི་པར་ནི་ཆབ་མདོ་གྲོང་ཁྱེར་གྱི་རྩ་འཛུགས་ལས་བྱེད་པས་ཁོར་ཡུག་གཙང་སྦྲ་བར་འཚམས་འདྲི་བྱེད་བཞིན་པ།