དབུ་ཤོག>ཆེད་སྒྲིག
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་ཞུ་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-04-28

    ● བོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་640ཟིན་པ་བྱ་རྒྱུ་ཡིན་པ།

    ● འདི་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་4200ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་440ཟིན་རེ་ཡོད་པ།

    ● “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96ཟིན་པ། 

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། བོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་640དང་ཐད་ཀར་རམ་བར་བརྒྱུད་ཀྱིས་ཡུལ་སྐོར་ལས་རིགས་སུ་ལས་ཞུགས་ཐུབ་ཚད་མི་ཁྲི་60(ཡུལ་སྐོར་ལས་རིགས་གཉེར་མཁན་ཞིང་འབྲོག་མང་ཚོགས་ཀྱང་ཚུད་པ)ཟིན་པའི་བརྩོན་ལེན་བྱེད་རྒྱུ་དང་། འདི་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་4200ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་440ཟིན་པར་བྱས་ཏེ། ཡུལ་སྐོར་བ་སླེབས་ཚད་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་20%ཡན་འཕར་བའི་བརྩོན་ལེན་བྱེད་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ལྷ་ས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་དང་། ཉིང་ཁྲི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ། གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ(ཀྲུང་ནེའི་རིག་གནས་ཡུལ་སྐོར་མཉམ་ལས་གླིང) ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བཅས་འཛུགས་སྐྱོང་ལ་དམིགས་ནས། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས། 5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་3དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་2 རྒྱལ་ཁབ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་གྲོང་ཁྱེར་རིམ་པའི་དཔེ་སྟོན་ཁུལ་2དང་རྫོང་རིམ་པའི་དཔེ་སྟོན་ཁུལ་10 རྒྱལ་ཁབ་5Cདང་4Cརིམ་པའི་སོ་སོས་མོ་ཊ་བཏང་བའི་ཡུལ་སྐོར་བའི་སྒར་ས་5 4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་20 3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་45 ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་10 རང་སྐྱོང་ལྗོངས་རིམ་པའི་འབྱུང་འཕྲོད་བདེ་ཐང་ཁམས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་15བཅས་གསར་པ་སྐྲུན་རྒྱུ་ཡིན་པ་རེད།

    “ང་ཚོས་གྲོང་གསེབ་དར་རྒྱས་ལ་དམིགས་ནས། ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་20དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་དང་རྒྱལ་ཁབ་མཐའ་མཚམས་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་70གཏོད་པ་དང་ལེགས་སུ་གཏོང་རྒྱུ་མ་ཟད། ད་དུང་སྣེ་ལེན་ཞུ་ནུས་ལྡན་པའི་ཡུལ་སྐོར་ས་ཚིགས་400ཡང་སྐྲུན་རྒྱུ”དང་། ཕྱོགས་ཡོངས་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་བྱས་ནས། ཡུལ་སྐོར་ཞབས་ཞུ་ལྟེ་གནས་79ལས་མི་ཉུང་བ་དང་། མཛེས་ལྗོངས་ཁུལ་དུ་ཤར་གཏོང་ཐུབ་པའི་ལམ་བུ་64 ཡུལ་སྐོར་རླངས་འཁོར་འཇོག་ས་165ལས་མི་ཉུང་བ་བཅས་གསར་སྐྲུན་རྒྱས་སྐྲུན་དང་། དེ་མིན་ཡུལ་སྐོར་སྤྱི་པའི་གསང་སྤྱོད་203གསར་སྐྲུན་རྒྱས་སྐྲུན་བྱས་ནས། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་གི་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

    གྲངས་གཞི་ལས་མངོན་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་སྣེ་ལེན་ཞུ་ནུས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ས་ཚིགས་300ལྷག་དང་། ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་26 ཁྱིམ་ཚང་མགྲོན་ཁང་2377བཅས་བཏོད་དེ་དུད་ཚང་ཁྲི་2.15དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་7.5དབུལ་སྒྲོལ་ཐུབ་པར་བྱས་ནས། ཡུལ་སྐོར་ལ་བརྟེན་ནས་དབུལ་པོ་ཁྲི་7.2དབུལ་སྒྲོལ་ཐུབ་པའི་དམིགས་ཚད་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།