འདི་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཧྥེང་ཞའོ་མའོ(གཡས)ཡིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་སློབ་འབྲིང་དུ་སློབ་མ་ཚོར་རང་ཉིད་ཀྱི་མྱོང་བ་དངོས་བརྗོད་བཞིན་པ།
ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་སློབ་འབྲིང་དང་། བྲག་ཡིབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན། བོད་སྡོད་སྐམ་དམག་དཔུང་སྡེ་ཞིག་བཅས་ཀྱིས་དམིགས་བསལ་གྱི་སྐུ་མགྲོན་ཞིག་གདན་དྲངས་ཤིང་། ཁོང་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཧྥེང་ཞའོ་མའོ་ཡིན་པ་དང་། ཁོང་གིས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་སློབ་གྲྭའི་དགེ་སློབ་དང་དཔུང་སྡེའི་དཔོན་དམག་ཚོར་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་བཤད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
འདི་ལོ་ལོ་80ལྷག་ཙམ་ལ་སླེབས་པའི་ཧྥེང་ཞའོ་མའོ་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཤིག་ཡིན་པ་དང་ད་ཆ་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གི་གཉིས་བཀུར་ལམ་སྡེ་ཁུལ་དུ་འཚོ་བ་སྐྱེལ་བཞིན་ཡོད། ཁོང་སྔ་རྗེས་སུ་ཁྲོན་བོད་གཞུང་ལམ་ཉམས་བཟོ་དང་1962ལོའི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཀྱི་རང་སྲུང་ཕར་རྒོལ་དམག་འཐབ་སོགས་ནང་ཞུགས་ནས་མེས་རྒྱལ་གྱི་དུས་བདེ་ཞོད་འཇགས་སྲུང་སྐྱོང་དང་། མཐའ་མཚམས་སྲ་བརྟན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་མཁན་དང་དེའི་དཔང་པོ་ཞིག་ཀྱང་ཡིན་པ་རེད།
ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོའི་རིང་། བྲག་ཡིབ་ཆུས་ཨུད་དྲིལ་བསྒྲགས་པུས་ཁོང“ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་ཀྱི་འོས་འགན་སྒྲོག་འགྲེལ་པར”གདན་དྲངས་ཏེ་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ལས་བྱེད་ལས་བཟོ་དང་། དཔུང་སྡེའི་དཔོན་དམག སློབ་གྲྭའི་དགེ་སློབ་བཅས་ལ་སྐབས་དེ་དུས་བོད་བཅིངས་འགྲོལ་བཏང་བ་དང་བོད་ལྗོངས་འཛུགས་སྐྲུན་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གླེང་བ་རེད།
“མི་རབས་ཚང་མར་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་ཤུལ་འཛིན་པ་ཞིག་ཡིན་པའི་ང་ཚོས་གསར་བརྗེའི་ས་བོན་དང་ཁྲག་རྒྱུན་ནམ་ཡང་གནས་པ་དང‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས”ཞེས་ཧྥེང་ཞའོ་མའོ་ཡིས་སེམས་འགུལ་ཟབ་མོ་ཐེབས་བཞིན་བཤད།
སློབ་ཚན་གྲོལ་རྗེས། དཔོན་དམག་ཚོས“དེ་རིང་བློ་མཐུན་ཧྥེང་ཞའོ་མའོ་ཡི་གཏམ་རྒྱུད་ཉན་རྗེས་གུང་ཁྲན་ཏང་ཡོན་རྒན་རབས་ཚོའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་མྱོང་ཚོར་ཐུབ་བྱུང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན། དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ང་ཚོས་ངེས་པར་དུ་སྙིང་སྟོབས་དེ་རྒྱུན་འཛིན་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དང་གུང་ཁྲན་ཏང་ཡོན་གྱི་དད་སེམས་ལ་བརྟེན་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།