2 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ངོ་སྤྲོད་མདོར་བསྡུས།
1922ལོའི་ཟླ་7ཚེས་16ཉིན་ནས་ཚེས་23ཉིན་བར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ཧྲང་ཧའེ་ནན་ཁྲེང་ཏུའུ་ལམ་ཕུའུ་ཏེ་ལིའི་སྒོ་རྟགས་ཨང་625ཡི་ནང་འཚོགས་པ་རེད། ཚོགས་འདུར་ཞུགས་མཁན་འཐུས་མི་ཁྱོན་12(འཐུས་མི་གཅིག་གི་མིང་གསལ་པོ་མེད་པ)ཡོད་པ་དེ་དག་གིས་རྒྱལ་ཡོངས་ཀྱི་ཏང་ཡོན་195ཡི་ཚབ་གནང་ཡོད། འཐུས་མི་དེ་དག་ནི་ཀྲུང་དབྱང་ཅུས་ཀྱི་ཨུ་ཡོན་ཁྲེན་ཏུའུ་ཤིའུ་དང་། ཀྲང་གོ་ཐའོ། ལི་ཏཱ། ཧྲང་ཧའེ་ཡི་དབྱང་མིང་ཀྲའེ། པེ་ཅིང་གི་ལུའོ་ཀྲང་ལུང་། ཧྲན་ཏུང་གི་ཝང་ཅིང་མེ། ཧུའུ་པེ་ཡི་ཞུས་པའེ་ཧའོ། ཧུའུ་ནན་གྱི་ཚའེ་ཧོ་སེན། ཀོང་ཀྲོའུ་ཡི་ཐན་ཕིང་ཧྲན། ཀྲུང་གོ་ངལ་རྩོལ་ཚན་སྡེབ་ཧྲུའུ་ཅི་པུའི་འཐུས་མི་ལི་ཀྲེན་ཡིང་། ཀྲུང་གོ་སྤྱི་ཚོགས་རིང་ལུགས་གཞོན་ནུ་ཚོགས་པའི་གནས་སྐབས་ཀྲུང་དབྱང་ཅུས་ཀྱི་འཐུས་མི་ཧྲི་ཚུན་ཐུང་བཅས་རེད།
ཚོགས་ཆེན་གྱིས་མི་སེར་སྤེལ་ཡུལ་དང་ཕྱེད་མི་སེར་སྤེལ་ཡུལ་སྐོར་གྱི་ལེ་ཉིང་གི་གཞུང་ལུགས་དང་རྒྱང་ཤར་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང་། རྒྱལ་སྤྱིའི་དུས་བབ་དང་ཀྲུང་གོའི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་། ཏང་གི་ལས་འགན་སྐོར་གྲོས་བསྡུར་བྱས་པ། 《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་བསྒྲགས་གཏམ》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དེ་བཞིན《བུད་མེད་ལས་འགུལ་སྐོར་གྱི་གྲོས་ཆོད་གྲོས་གཞི》དང《གུང་ཁྲན་ཏང་གི་རྩ་འཛུགས་སྒྲིག་ཡིག་སྐོར་གྱི་གྲོས་ཆོད་གྲོས་གཞི》སོགས་གྲོས་ཆོད་གྲོས་གཞི་9གྲོས་འཆམ་བྱུང་ཡོད།
ཀྲུང་གུང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཀྲུང་གོའི་སྤྱི་ཚོགས་ཀྱི་ངོ་བོ་དང་། ཀྲུང་གོའི་གསར་བརྗེའི་ངོ་བོ། དམིགས་ཡུལ། སྒུལ་ཤུགས། མདུན་ལམ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་གསར་བརྗེ་གོམ་སྟབས་གཉིས་ལ་ཕྱེ་ནས་འགྲོ་དགོས་པ་བཏོན་པ། ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཐོག་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་མཐར་ཕྱིན་བྱེད་པའི་དམངས་གཙོའི་གསར་བརྗེའི་རྩ་འཛིན་ཐེངས་དང་པོ་ཁ་གསལ་བཏོན་ནས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་གསར་བརྗེའི་འཐབ་རྩོད་ལ་ཁ་ཕྱོགས་ཁ་གསལ་བཏོན་པ་དེ་ཀྲུང་གོའི་གསར་བརྗེའི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་གི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
(མུ་མཐུད་འགོད་རྒྱུ)
ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན། 2 ཏང་གི་ཐོག་མའི་དུས་ཀྱི་རྩ་འཛུགས།
1920ལོའི་ཟླ་8པར་ཀྲུང་གོའི་གུང་ཁྲན་ཏང་གི་རྩ་འཛུགས་དང་པོ་དེ་ཧྲང་ཧའེ་རུ་བཙུགས་པ་རེད། དེ་རྗེས་པེ་ཅིང་དང་། ཝུའུ་ཧན། ཁྲང་ཧྲ། ཀོང་ཀྲོའུ། ཅི་ནན་སོགས་སུའང་གུང་ཁྲན་ཏང་གི་ཐོག་མའི་དུས་ཀྱི་རྩ་འཛུགས་སྔ་རྗེས་སུ་བཙུགས་ཡོད།
(མུ་མཐུད་འགོད་རྒྱུ)
《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།
★ ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཏང་གི་སྒྲིག་ཡིག་དང་པོ་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གྲོས་འཆམ་བྱུང་ཞིང་། ཏང་ཡོན་གྱི་ཆ་རྐྱེན་དང་། ཏང་གི་རིམ་ཁག་རྩ་འཛུགས། ཏང་གི་སྒྲིག་ལམ་བཅས་གཏན་འབེབས་ཞིབ་ཕྲ་བྱས་པ་མ་ཟད། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་གསལ་འགྲེལ་ཡང་བྱས་ཡོད།
★ 1922ལོའི་ཟླ་དང་པོར་ཤང་ཀང་གི་གྲུ་པས་ལས་མཚམས་ཡོངས་སུ་བཞག་པ་དེ་ཐོག་ནས་ཀྲུང་གོའི་བཟོ་པའི་ལས་འགུལ་གྱི་མཐོ་རླབས་འཕྱུར་བ་མཚོན་ཀྱི་ཡོད། 1923ལོའི་ཟླ་2ཚེས་4ཉིན་ཝུའུ་ཧན་ལྟེ་བར་བྱས་པའི་ཅིང་ཧན་ལྕགས་ལམ་གྱི་བཟོ་པས་ལས་མཚམས་ཡོངས་སུ་བཞག་པ་དེས་རྒྱལ་ཡོངས་ཀྱི་བཟོ་པའི་ལས་འགུལ་ཐེངས་དང་པོའི་མཐོ་རླབས་ཡོངས་སུ་འཕྱུར་ཡོད།
★ ཀྲུང་གོའི་བཟོ་པའི་ལས་འགུལ་ལོ་རྒྱུས་ཐོག་གི་ལས་མཚམས་འཇོག་ཡུན་རིང་ཤོས་ནི་ཀོང་ཀྲོའུ་དང་ཤང་ཀང་གི་བཟོ་པས་ལས་མཚམས་བཞག་པ་དེ་རེད།
★ 1923ལོའི་ཟླ་6པར། ཀྲུང་གོ་གུང་ཁྲན་ཏང་གིས་ཀོང་ཀྲོའུ་རུ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ནས་གུང་ཁྲན་ཏང་མིས་མི་སྒེར་གྱི་མིང་ཐོག་ནས་གོ་མིན་ཏང་ནང་ཞུགས་པའི་གཏན་འཁེལ་བྱས་པ་བརྒྱུད། གོ་གུང་མཉམ་ལས་བྱུང་ནས་གསར་བརྗེའི་གཅིག་གྱུར་འཐབ་ཕྱོགས་བཙུགས་ཡོད།
★ 1924ལོའི་ཟླ་1པོར། ཀྲུང་གོ་གོ་མིང་ཏང་གིས་ཀོང་ཀྲོའུ་རུ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཤིང་། ཚོགས་ཆེན་ཐོག་མི་སེར་དོན་གསུམ་རིང་ལུགས་ལ་འགྲེལ་བཤད་གསར་པ་བརྒྱབ་པ་དང་། ཨུ་རུ་སུ་དང་མཉམ་འབྲེལ་དང་། གུང་ཁྲན་ཏང་དང་མཉམ་འབྲེལ། ཞིང་བཟོར་རོགས་སྐྱོར་བཅས་ཀྱི་སྲིད་ཇུས་གསུམ་དངོས་སུ་གཏན་འཁེལ་བྱས་པས་གོ་གུང་མཉམ་ལས་ཀྱི་ཆབ་སྲིད་ཀྱི་རྨང་གཞི་བཏིང་པ་ལས་གོ་གུང་མཉམ་ལས་ཐེངས་དང་པོ་དངོས་སུ་བྱུང་བ་མཚོན་གྱི་ཡོད།
(མུ་མཐུད་འགོད་རྒྱུ)
(ཡོང་ཁུངས། མི་དམངས་དྲ་བ། -ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་དྲ་བ)