དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-04-28

    ཉེ་དུས་ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས་ཚུན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ཡོན་ལས་བྱེད་པར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་དགོས་པའི་སྐུལ་སློང་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་པ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་སྐུལ་ལྕག་བྱས་པ་རེད།

    ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱས་ཏེ་ཚུགས་གནས་མཐོ་རུ་བཏང་བ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་འགོད་དང་། སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཉིད“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་བཅས་དང་ཟུང་འབྲེལ་བྱས་ཏེ། ཏང་གིས་ལྷོ་ཁར་སྲིད་འཛིན་པའི་ལོ་རྒྱུས་འཚོལ་ཞིབ་དང་ལེགས་སྒྲིག་གང་ལེགས་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཐོག རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བགྲོད་ལམ་ཡང་དག་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོར་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་བསམ་བློའི་ངོས་འཛིན་དང་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ་བྱས་ཏེ་ལས་འགན་སྒྲུབ་སེམས་བློ་ལ་བརྟན་པོར་བཅངས་པ།

    “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་གལ་ཆེན་ཞིག་ནི་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད”

    ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་སྤྱི་ཁྱབ་ཏང་ཀྲི་པུའུ་ཡིས“ཏང་གི་ལོ་རྒྱུས་གཏམ་རྒྱུད་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་ཡོན་ལས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་མོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་བཅས་ཆེ་རུ་བཏང་ནས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཚད་ལོན་པའི་ཏང་ཡོན་ཞིག་བྱས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པའི་ལྕག་སྐུལ་བྱས་ཡོད། “ཏང་གི་ལོ་རྒྱུས་ནི་སློབ་དེབ་མཐུག་པོ་ཞིག་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ལ་ག་དུས་ཀློག་ཀྱང་ག་དུས་གསར་པ་རེད། ང་ཚོས་སློབ་སྦྱོང་རྒྱུན་འཁྱོངས་བྱས་ན་དེའི་ཁྲོད་ནས་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་ཐུབ་ཅེས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་ཏང་ཡོན་ལུའོ་ལི་རུའུ་ཡིས་བཤད།

    ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱས་ཏེ་གསར་འབྱེད་གསར་གཏོད་བྱས་པ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་སྦྱངས་ནས་བསམ་བློ་གཏོང་བ་དང་། བསམས་ནས་གོ་རྟོགས་སད་པ། སྦྱངས་ནས་འབྲས་བུ་ཐོན་པ་བཅས་མཐའ་འཁྱོངས་དང་། ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཏེ་བསམ་བློའི་ངོས་འཛིན་དང་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    ལྷོ་ཁ་ཡུལ་སྐོར་མ་འཇོག་ཀུང་སིའི་ཏང་ཀྲི་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཟུང་འབྲེལ་བྱས་ཏེ་བུད་མེད་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་རྒན་གསོ་ཁང་དུ་བསྐྱོད་དེ“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”འཚམས་འདྲིའི་བྱེད་སྒོ་སྤེལ་ནས་མི་ཧྲེང་རྒན་རྒོན་ལ་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་ཡོད།

    གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་ཀྲི་པུས“གསར་བརྗེའི་རྒྱལ་གཅེས་རྟེན་གཞིར་ལྟ་སྐོར་བྱེད་པ་དང་སྤྱིར་བཏང་མིན་པའི་ལོ་ཟླའི་ཏང་གི་ལོ་རྒྱུས་དྲན་གསོ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཏང་ཡོན་ལས་བྱེད་པ་དང་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་སྣེ་གདོང་ཆུས་སྐྱེད་པ་ཤང་བསམ་མཁར་གྲོང་ཚོའི་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་བསྐྱོད་དེ་ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཤེས་རྟོཌ་དང་། ལས་ཀའི་སྤྲོ་སེམས་འཕེལ་བ། ལས་ཀའི་ཆུ་ཚད་མཐོ་རུ་དང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།