དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད།ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

    ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

    9 ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ངོ་སྤྲོད་མདོར་བསྡུས།

    1969ལོའི་ཟླ་4ཚེས་1ནས་24ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་འཐུས་མི་1512ཡོད། སྐབས་དེར་རྒྱལ་ཡོངས་ལ་ཏང་ཡོན་ཁྲི་2200ཡོད། མའོ་ཙེ་ཏུང་གིས་འགོ་ཚུགས་ཤིས་ཚིག་བསྒྲོན་པ་དང་ལིན་པེའོ་ཡིས་ཆབ་སྲིད་སྙན་སྒྲོན་གནང་བ་རེད། ཆབ་སྲིད་སྙན་སྒྲོན་གྱི་ནང་དོན་གཙོ་བོ་ནི“འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་འོག་མུ་མཐུད་གསར་བརྗེ་བྱེད་པའི་རིགས་པའི་གཞུང་ལུགས”ཟེར་བ་དེ་རེད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནང་ཚོགས་ཆེན་བརྒྱད་པའི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་ནོར་ནས་བརྒྱབ་ཡོད། ཚོགས་ཆེན་ཐོག་ཨུ་ཡོན་170དང་རྗེས་སྣོན་ཨུ་ཡོན་109ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་རེད། དེ་རྗེས་འཚོགས་པའི་སྐབས་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་པ་དང་། མའོ་ཙེ་ཏུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ། ལིན་པེའོ་ཀྲུའུ་ཞི་གཞོན་པར་བདམས་པ་རེད། ཚོགས་ཆེན་དགུ་པའི་ཐོག“རིག་གནས་གསར་བརྗེ་ཆེན་པོའི”ནོར་འཁྲུལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཁྲིམས་མཐུན་ཅན་དུ་བཏང་བས། བསམ་བློ་དང་། ཆབ་སྲིད། རྩ་འཛུགས་བཅས་ཐད་ཀྱི་མཛུབ་ཁྲིད་དང་བྱེད་ཕྱོགས་ཚང་མ་ནོར་འཁྲུལ་ཡིན་པ་རེད།


    ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

    11 ཀོང་ཀྲོའུ་འོས་ལངས།

    1927ལོའི་ཟླ་12པའི་ཚེས་11ཉིན། ཀྲང་ཐའེ་ལེ་དང་། ཡེ་ཐིང་། ཡེ་ཅན་དབྱིང་སོགས་འགོ་ཁྲིད་ཀྱིས་ཀོང་ཀྲོའུ་འོས་ལངས་བསླངས།

    12 ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་རྟེན་གཞིའི་ཁུལ།

    1927ལོའི་ཟླ་10པར་མའོ་ཙེ་ཏུང་གིས་སྟོན་བསྡུའི་འོས་ལངས་དམག་དཔུང་གི་སྣེ་ཁྲིད་དེ་ལུའོ་ཞའོ་རི་རྒྱུད་དབུས་ཀྱི་ཅིང་ཀང་ཧྲན་རི་བོར་འབྱོར་ནས་ཏང་གི་འགོ་ཁྲིད་འོག་གི་གྲོང་གསེབ་ཀྱི་གསར་བརྗེའི་རྟེན་གཞིའི་ཁུལ་དང་པོ་བཙུགས། (མུ་མཐུད་འགོད་རྒྱུ)

    《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

    ★ 1935ལོའི་ཟླ་9པར། དམར་དམག་ཅུན་ཤོག་ཉེར་ལྔ་པ་དང་ཧྲའན་ཀན་དམར་དམག་ཧྲའན་ཤིས་ཞིང་ཆེན་ཡན་ཕིང་རྫོང་དུ་མཉམ་འཛོམས་བྱུང་བ་དེ་ནི་ཧྲའན་པེར་འབྱོར་བའི་དམར་དམག་རྒྱང་སྐྱོད་ཀྱི་དཔུང་སྡེ་དང་པོ་རེད།

    ★ 1935ལོའི་ཟླ་8ཚེས་1ཉིན། གུང་ཁྲན་རྒྱལ་སྤྱིར་བཅའ་སྡོད་ཀྲུང་གོ་གུང་ཁྲན་ཏང་གི་སྐུ་ཚབ་ཚོགས་པས《རི་འགོག་རྒྱལ་སྐྱོབ་ཀྱི་ཆེད་དུ་སྤུན་ཟླ་ཡོངས་ལ་བཏང་བའི་ཡི་གེ》སྟེ《བརྒྱད་གཅིག་བསྒྲགས་གཏམ》གྱི་མ་ཟིན་བཀོད་དེ་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་བྱས་ནས་ནང་འཁྲུག་མཚམས་འཇོག་པ་དང་རི་འགོག་རྒྱལ་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས།

    ★ 1935ལོའི་ཟླ་12པར། ཀྲུང་གུང་ཀྲུང་དབྱང་གིས་ཧྲའན་པེའི་ཝ་ཡའོ་པུའུ་རུ་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པའི་ཐབས་ཇུས་གསར་པ་གཏན་འཁེལ་བྱས།

    ★ 1936ལོའི་ཟླ་10པར། དམར་དམག་གི་གཙོ་ཤུགས་དམག་དཔུང་ཆེན་པོ་གསུམ་ཀན་སུའུ་ཧུའེ་ཉིང་ས་ཁུལ་དུ་འཛོམས་པ་ལས་ཀྲུང་གོ་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་རྒྱལ་ཁའི་ངང་མཇུག་འགྲིལ་བ་མཚོན།

    ★ 1936ལོའི་ཟླ་12ཚེས་12ཉིན། ཞི་ཨན་དུས་འགྱུར་ལངས་པ་དེས་གོ་གུང་ཏང་གཉིས་མཉམ་ལས་རྨང་གཞིར་བྱས་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།

    ★ 1937ལོའི་ཟླ་7ཚེས་7ཉིན། རི་པིན་བཙན་འཛུལ་དམག་གིས་པེ་ཕིང་ལྷོ་ནུབ་ཀྱི་ལུའུ་ཀོའུ་ཟམ་པའི་ཉེ་འགྲམ་དུ་ཀྲུང་གོའི་བཅའ་སྡོད་དམག་དཔུང་ལ་གློ་བུར་དུ་ཚུར་རྒོལ་བྱས་པར་ཀྲུང་གོའི་དཔོན་དམག་གིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས། ཀྲུང་ཧྭ་མི་རིགས་ཀྱིས་ཕྱོགས་ཡོངས་ནས་རི་འགོག་དམག་འཁྲུག་རྒྱག་འགོ་ཚུགས། དོན་རྐྱེན་དེར་ལོ་རྒྱུས་ཐོག་བདུན་བདུན་དུས་འགྱུར་ཟེར།

    ★ 1937ལོའི་ཟླ་8ཚེས་22ནས་25ཉིན་བར། ཀྲུང་གུང་ཀྲུང་དབྱང་གིས་ཧྲའན་པེ་ལུའོ་ཁྲོན་དུ་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་གྲགས་ཅན་གྱི《ཀྲུང་གོ་གུང་ཁྲན་ཏང་གི་རི་འགོག་རྒྱལ་སྐྱོབ་ཀྱི་རྩ་འཛིན་ཆེན་པོ་བཅུ》ལ་གྲོས་འཆམ་བྱུང་།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།