དབུ་ཤོག>ཆེད་སྒྲིག
  • དམངས་ལ་བརྩེ་བ་བཅངས་ནས་སྨི་ཏི་ཁར་རང་ནུས་ཅི་ཡོད་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-27

    ཟླ་2ཚེས་25ཉིན་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་པ་སངས་ཚེ་རིང་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ།

    2015ལོར་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨི་ཏི་ཁ་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་། པ་སངས་ཚེ་རིང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཡུལ་བབ་དང་བསྟུན་པ་དང་ཤང་དེ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ལྕི་བ་ལས་སྣོན་བཟོ་གྲྭ་དང་། ཁྱིམ་ལས་ཞབས་ཞུའི་ལྟེ་གནས། སྣུམ་སྣོན་ས་ཚིགས། གཏེར་ཆུ་ལས་སྣོན་བཟོ་གྲྭ་སོགས་ཐོན་ལས་ཁག་གཅིག་སྨི་ཏི་ཁ་ཤང་དུ་སྔ་རྗེས་སུ་བཙུགས་ཏེ་ས་གནས་དེ་གའི་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པར་བརྟེན།2018ལོར་སྨི་ཏི་ཁ་ཤང་དབུལ་ཞྭ་ཕུད་པ་རེད།

    དོན་དངོས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།

    འགན་འཁུར་མ་ཐག་པའི་སྐབས་པ་སངས་ཚེ་རིང་གིས་ཤང་དེ་ཡོངས་ཀྱི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྨི་ཏི་ཁ་ཤང་གི་རང་བྱུང་ཁོར་ཡུག་དང་། ཐོན་ལས་ཀྱི་ལེགས་ཆ། སྤྱི་ཚོགས་དཔལ་འབྱོར་གྱི་སྤྱིའི་གནས་ཚུལ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

    དབུལ་སྒྲོལ་གྱི་ཐབས་ཤེས་མང་པོ་འཚོལ་བའི་སྐབས་པ་སངས་ཚེ་རིང་གིས་ཉིང་ཁྲི་ནས་ཉོས་མ་ཐག་པའི་ཤང་གི་དྲོད་གཏོང་སྒྲིག་ཆས་ལ་འབུད་རྫས་དབྱིབས་རྡོག་རིལ་ཆེད་མངག་དགོས་པ་ཤེས་རྟོགས་བྱུང་རྗེས་འབྲོག་ཁྱིམ་གྱི་སྒོ་རྩར་སྤུངས་པའི་ལྕི་བ་དྲན་ཏེ་གློ་བུར་དུ་ལྕི་བས་འབུད་རྫས་རྡོག་རིལ་ལས་སྣོན་བྱེད་པའི་བསམ་བློ་འཁོར་བ་རེད།

    དུས་འགོའི་རིགས་པས་ཁུངས་སྐྱེལ་དང་ཚོད་ལྟ་བྱས་པ་བརྒྱུད་སྨི་ཏི་ཁ་ཤང་གི་འབུད་རྫས་གསར་པ་ལས་སྣོན་བཟོ་གྲྭའི་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། 2017ལོར་སྤྱོད་འགོ་ཚུགས་ཤིང་། “ལྕི་བའི་འབུད་རྫས་རྡོག་རིལ་སྲོལ་རྒྱུན་འབུད་རྫས་ལས་སྦགས་བཙོག་ཉུང་བ་མ་ཟད། ད་དུང་དབོར་འདྲེན་དང་ཉར་ཚགས་སྟབས་ཧ་ཅང་བདེ་པོ་ཡོད་ལ་མེ་འབར་ཡུན་རིང་པོ་ཡོད”ཅེས་པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས།

    བཟོ་གྲྭ་སྤྱོད་འགོ་ཚུགས་པ་ནས་བཟུང་། ཐོན་སྐྱེད་བྱེད་ནུས་ཁྱོན་ཏུན་877.3ཟིན་པར་ཡོང་འབབ་ཁྱོན་སྒོར་965125བྱུང་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་251གི་མི་1070ལ་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐུབ་ཡོད།

    གོ་སྐབས་དམ་འཛིན་གྱིས་འབྲོག་པའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ།

    ལས་ཀའི་དགོས་མཁོའི་དབང་གིས་པ་སངས་ཚེ་རིང་རྟག་ཏུ་ལྷ་ས་དང་། ནག་ཆུ། ལྷ་རི་རྫོང་། སྨི་ཏི་ཁ་ཤང་བཅས་དབར་ཕར་རྒྱུག་ཚུར་འོང་བྱེད་ཀྱི་ཡོད། ས་གནས་ཁག་གི་འཕེལ་རྒྱས་ཀྱི་ཧེ་བག་ལས་པ་སངས་ཚེ་རིང་ལ་བློ་སྐྱེད་མང་པོ་བྱུང་བ་སྟེ། “སྲིད་ཇུས་ཀྱི་རོགས་སྐྱོར་གཅིག་པུར་མ་བརྟེན་པར་རང་བརྟེན་དབུལ་སྒྲོལ་དང་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱེད་པར་ངེས་པར་དུ་ཞིང་འབྲོག་པའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་དགོས”

    ལས་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་བརྒྱུད། 2017ལོའི་ཟླ་8པར་པ་སངས་ཚེ་རིང་གི་སྣེ་ཁྲིད་འོག སྨི་ཏི་ཁའི་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་དེ་ལྷ་རི་རྫོང་དུ་བཙུགས་པ་རེད།

    སྨི་ཏི་ཁའི་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་དེ་སྨི་ཏི་ཁ་ཤང་སྲིད་གཞུང་གིས་གཙོ་གཉེར་བྱེད་པ་དང་། ཁོངས་མིའི་གྲས་སུ་ལྷ་རི་རྫོང་དུ་ཡོད་པའི་སྨི་ཏི་ཁ་ཤང་གི་དབུལ་སྐྱོར་དུད་ཚང་དང་གནས་སྤོས་དུད་ཚང་ལས་གྲུབ་པ་ཞིག་རེད། ལས་སྒོར་ཁྱིམ་ཚང་སྤོ་བ་དང་། དངོས་ཟོག་དབོར་འདྲེན། མཛེས་བཟོ། བུ་རྫི། ཁྱིམ་ཚང་དགེ་རྒན། གནས་སྐབས་གླ་པ་སོགས་ཡོད་པ་རེད།

    ལྟེ་གནས་བཙུགས་མ་ཐག་པའི་སྐབས་སུ་ཤང་ནས་ལྷ་རི་རྫོང་ལ་སྤོས་ཡོང་བའི་དུད་ཚང་དབུལ་པོ་དེའི་ནང་ཞུགས་པའི་ཧུར་སེམས་དེ་ཙམ་ཆེན་པོ་མེད་པར་བརྟེན། པ་སངས་ཚེ་རིང་གིས་ཤང་དེ་ཡོངས་ཀྱི་ལས་བྱེད་པའི་སྣེ་ཁྲིད་ནས་དུད་ཚང་དབུལ་པོར་བསྐྱོད་དེ་ཁོང་ཚོས་སེམས་ཁྲལ་བྱེད་པའི་གནད་དོན་རེ་རེ་བཞིན་ཟིན་བྲིས་སུ་བཀོད་པ་དང་ཆབས་ཅིག ཁོང་ཚོར་ལྟེ་གནས་ཀྱི་ལས་གཉེར་བྱེད་སྟངས་དང་། ལས་བཟོའི་གླ་ཆ་འགན་ལེན། ཕན་བདེ་སོགས་ཀྱི་གནད་དོན་ལ་འགྲེལ་བཤད་བརྒྱབ་ནས་གསལ་བཤད་ཞིབ་ཕྲ་བྱས་པ་རེད།

    ལྟེ་གནས་དེ་བསྐྲུན་ཟིན་རྗེས། སྨི་ཏི་ཁ་ཤང་གི་ཁྱིམ་ལས་ཞབས་ཞུ་ལྟེ་གནས་ཀྱི་གཉེར་སྐྱོང་ཡག་པོ་བྱུང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་436ལ་སྐུལ་ཁྲིད་ཐུབ་ནས་ཡོང་འབབ་ཁྱོན་སྒོར་ཁྲི་446.45བྱུང་བ་རེད།

    ཡུན་རིང་ཕྱུག་པོ་ཆགས་ནས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱས་པ།

    “ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྲོམ་རའི་དགོས་མཁོར་དམིགས་ནས་ཐོན་ལས་འཕེལ་རྒྱས་གནད་སྨིན་ཡོང་བ་དང་། ཡུན་རིང་ཕྱུག་པོ་ཆགས་པར་བྱས་ནས་དུད་ཚང་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱས་པ་ཡིན”ཞེས་པ་སངས་ཚེ་རིང་གིས་བཤད་པ་དང་། ཁོང་གིས་ཤང་དུ་སོལ་རླངས་དང་སྣུམ་སྣོན་ས་ཚིགས་འཛུགས་རྒྱུའི་སེམས་ཐག་བཅད་པ་དང་འབྲེལ། རྣམ་གྲངས་དེ་སྤྱོད་ཆོག་རྒྱུར་དབྱེ་ཞིབ་གཏིང་ཟབ་ཀྱང་བྱས་པ་ཡིན། “རྣམ་གྲངས་དེ་ནི་སྒེར་གཉེར་ཁེ་ལས་ཀྱིས་གཉེར་བ་དང་། ཤང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། དུད་ཚང་དབུལ་པོ་མ་རྐང་ནང་ཞུགས་པ་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ཤིག་ཡིན། དེའི་ཉེན་ཁ་ཁེ་ལས་དང་སྲིད་གཞུང་གིས་འཁུར་བ་དང་། སྒེར་གཉེར་ཁེ་ལས་གཉེར་སྐྱོང་གི་སྟབས་བསྟུན་རང་བཞིན་དང་སྲིད་གཞུང་གིས་ཐོན་ཁུངས་ལེགས་སྒྲིག་གི་ལེགས་ཆ་གང་ལེགས་སྤྱད་ཡོད་པས་གཉེར་སྐྱོང་བྱེད་ཆོག་གི་ཡོད། གནས་ཡུལ་ནི་སྨི་ཏི་ཁ་ཤང་དུ་ཡིན་པས་འགྲིམ་འགྲུལ་གྱི་མ་ལམ་འགྲམ་དུ་འཁེལ་བ་དང་ཤང་མང་པོའི་བར་ཐག་དེ་གྲོང་ཁྱེར་དང་རྫོང་གི་སྣུམ་སྣོན་ས་ཚིགས་སུ་བསྐྱོད་པ་ལས་ཐུང་བ་ཡོད་པས་གནས་ཡུལ་གྱི་ལེགས་ཆ་བཟང་པོ་ལྡན་ཡོད”ཅེས་བཤད།

    པ་སངས་ཚེ་རིང་གི་སྣེ་ཁྲིད་འོག སྨི་ཏི་ཁ་ཤང་གི་སྣུམ་སྣོན་ས་ཚིགས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་གཉེར་སྐྱོང་བྱས་ནས་ལོ་ཕྱེད་ཙམ་ལས་ཕྱིན་མེད་ཀྱང་ཡོང་འབབ་སྒོར་ཁྲི་100བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།