དབུ་ཤོག>ཆེད་སྒྲིག
  • གཞི་རིམ་ལས་བཟོས་རྒྱ་བོད་ཡིག་རིགས་གཉིས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-26

    ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནི་ལྗོངས་ཡོངས་ཀྱི“ཞིང་གསུམ”དངུལ་རྩའི་ཞབས་ཞུ་སྒྲུབ་མཁན་གཙོ་ཤུགས་དམག་ཅིག་ཡིན་པའི་ངོས་ནས་དངུལ་ཁང་ཡོངས་ཀྱི་ལས་ཚིགས་དང་ལས་བཟོ་མང་ཆེ་བ་གཞི་རིམ་གྱི་དངུལ་རྩའི་ཞབས་ཞུའི་འཐབ་ས་དང་པོར་ཡོད་པས། ལས་བཟོའི་ཁྲོད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་རྒྱུའི་དགོས་མཁོ་དངོས་ལ་གཞིགས་ནས་དངུལ་ཁང་དེས་ལྗོངས་ཡོངས་ཀྱི་དངུལ་རྩའི་མ་ལག་ཁྲོད་རྒྱ་བོད་ཡིག་སྒྱུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་སྦྱོང་སློབ་གསོའི་གཏན་འབེབས་ལག་བསྟར་ཇུས་གཞི་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་རྒྱ་བོད་ཤན་སྦྱར་གྱི“ཏང་གི་ལོ་རྒྱུས་ཤེས་བྱའི་དྲི་བ་དྲིས་ལན་100”ཡི་ཁྲོད་ནས་དྲི་བ་དྲིས་ལན་གཅིག་རེ་ཉིན་ལྟར་དངུལ་ཁང་དེའི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་མཁོ་འདོན་བྱས་པས་དངུལ་ཁང་ཡོངས་དང་ལྷག་པར་དུ་གཞི་རིམ་ལས་བཟོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། གདེང་ཚོད་འཕེལ་བ། སྤྱོད་བཟང་གོང་བཀུར་དང་ལག་ལེན་ནན་བསྟར་བཅས་གཏིང་ཟབ་ཐུབ་ཆེད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྟབས་བདེ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།