དབུ་ཤོག>ཆེད་སྒྲིག
  • ནས་ཀྱིས་བོད་ཀྱི་ལོ་ངོ་70ཡི་ཞིང་ལས་འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-26

    ཟླ་བཞི་པའི་གངས་ལྗོངས་ས་མཐོར་དཔྱིད་རྨོད་ཀྱི་དུས་བཟང་ཤར་ཞིང་། ལོ་ངོ་ཁྲི་སྟོང་གི་འདེབས་འཛུགས་ལོ་རྒྱུས་ལྡན་པའི་ས་ཞིང་ཐོག་ནས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་བའི་དུས་བཟང་དུ་སླེབས་ཡོད།

    ལོ་ངོ་3500ཡི་འདེབས་འཛུགས་ལོ་རྒྱུས་ལྡན་པའི་ནས་ནི་བོད་དུ་སྔར་ནས་ད་བར་འདེབས་འཛུགས་གཞི་ཁྱོན་ཆེ་ཤོས་དང་ཐོན་ཚད་བསྡུར་ཚད་མང་ཤོས་ཀྱི་འབྲུ་རིགས་སྐྱེ་དངོས་ཡིན་མོད། འོན་ཀྱང་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་དུས་ཚོད་རིང་པོའི་ནང་ཞིང་ལས་ཐོན་སྐྱེད་བྱེད་སྟངས་རྙིང་པ་ཡིན་པའི་ཁར། ནས་ཀྱི་སྣ་ཁ་རྐྱང་པ་དང་ཉམས་ཞན་དུ་འགྲོ་བཞིན་ཡོད་པས་ཐོན་ཚད་ས་བོན་གྱི་ལྡབ་4ནས་10བར་ལས་མེད།

    བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་ལོ་ངོ་70ཡི་གོང་དུ་དུས་ཡུན་རིང་པོའི་ནང་བོད་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་གདོད་མའི་རྨོ་འདེབས་བྱེད་སྟངས་ཡིན་པ་དང་། ངལ་ནུས་ལག་ཆར་འགྱུར་ལྡོག་མེད་པ། ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ཧ་ཅང་འགོར་པོ་ཡོད་ཅེས་བཤད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ནང་སའི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་བཏང་བས་བོད་ཀྱི་འབྲུ་རིགས་ཐོན་ཚད་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་ལ་ས་ཞིང་རག་པ་མ་ཟད། ས་ཞིང་དང་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་འཕྲུལ་ཆས་ཅན་རིམ་བཞིན་ཁྱབ་གདལ་ཕྱིན་པས། བོད་ཀྱི་ཞིང་ལས་ཐོན་སྐྱེད་གདོད་མའི་རྣམ་པར་རིམ་བཞིན་འགྱུར་ལྡོག་བྱུང་བ་དང་དེང་རབས་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་ཕྱོགས་སུ་མགྱོགས་མྱུར་བསྐྱོད་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས(ཆ་ཚང)ཁྲི་50.5ལས་བརྒལ་བ་དང་སྤྱིའི་འགུལ་ཤུགས་ཆན་ཝ་ཁྲི་691.5ཟིན་པ་དང་ཞིང་ལས་སྐྱེ་དངོས་རྨོ་བསྡུ་བྱེད་སྟངས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ནས་65%བར་མཐོ་རུ་ཕྱིན་ཡོད་པ་རེད།

    དེ་དང་དུས་མཚུངས“ནས་ཀྱི་འབུམ་རམས་པ”ཉི་མ་བཀྲ་ཤིས་དང་ཁོང་གི་ཚོགས་པས་ལོ་19ཞིབ་འཇུག་འདེབས་གསོ་བྱས་པའི་སོན་བཟང“བོད་ནས་ཨང་2000”གིས་ནས་ལ་ཚན་རྩལ་གྱི་གཞི་རྒྱུ་བསྣན་ཡོད། ད་ཆ“བོད་ནས་ཨང་2000”མཚོན་བྱེད་དུ་བྱེད་པའི་ནས་ཀྱི་སོན་བཟང་ཁྱབ་ཚད་ལྗོངས་ཡོངས་སུ་90%ཡན་ཟིན་པ་དང་མུའུ་རེའི་ནས་ཐོན་ཚད་2015ལོ་ལས་སྤྱི་རྒྱ་16.6འཕར་ཡོད།

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཚུལ་ཁྲིམས་མགོན་པོས་སོན་བཟང་ནས་གྲོང་ཚོ་ཡོངས་སུ་ཁྱབ་གདལ་བཏང་རྗེས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་380ལྷག་ཙམ་ཟིན་ནས་དེ་སྔོན་ལས་ཐོན་ཚད་ཆེས་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་གསར་དུ་ཞིབ་བཟོ་བྱས་པའི་ནས་ལ་ལུས་གསོ་བདེ་སྲུང་གི་ནུས་པ་ལྡན་པས་ཚང་མས་དགའ་པོ་བྱེད་ཀྱི་ཡོད། དེས་ནས་ལ་ལས་སྣོན་ཞིབ་ཚགས་བྱེད་པར་གོ་སྐབས་བསྐྲུན་པ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ནས་ཐུག་དང་། ནས་ཇ། ནས་ཀྱི་ཏན་ཞིམ་སོགས་ཀྱི་ཐོན་རྫས་ནང་སའི་ཁྲོམ་རར་གཅིག་རྗེས་གཉིས་མཐུད་ངང་བཏོན་པར་འཛད་སྤྱོད་པའི་དགའ་བསུ་ཟབ་མོ་ཐོབ་ཡོད།

    2016ལོར་བཙུགས་པའི་བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཀུང་སིས་ནས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ལ་གཞོལ་ཞིང་། ལོ་རེར་ནས་ལས་སྣོན་བྱེད་ཚད་ཏུན་ཁྲི་10ཡན་ཟིན་གྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྣེ་འདྲེན་ཁེ་ལས་དེས“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ཐབས་ལ་བརྟེན་ནས་གཞིས་རྩེའི་ནས་འདེབས་འཛུགས་དུད་ཚང་ལ་འབབ་འཕར་སྒོར་ཁྲི་4000ལྷག་ཙམ་ཡོང་བར་སྐུལ་འདེད་བཏང་བ་དང་མ་ཟད། མི་འབོར་དབུལ་པོ་2000ལྷག་ཙམ་དབུལ་སྒྲོལ་བྱ་རྒྱུར་སྣེ་ཁྲིད་ཀྱང་བྱས་ཡོད།

    ཐོན་ཚད་བརྟན་པོའི་ངང་མང་དུ་ཕྱིན་པ་དང་སྦྲགས་ནས་ཀྱི་ནུས་པ་གསར་སྤེལ་དེ་བས་མང་བ་བྱས་ནས་ལུས་གསོ་བདེ་སྲུང་སོགས་ཐད་རྒྱ་སྐྱེད་བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་འདི་ལོ་མུའུ་ཁྲི་20ཡན་གྱི་གཅིག་སྡུད་ཡུག་འབྲེལ་གྱི་གཞི་རྩའི་ས་ཞིང་གསར་སྤེལ་དང་། རྨོ་ཞིང་མུའུ་ཁྲི་200ཡི་སྤུས་ཚད་མཐོ་རུ་གཏོང་བའི་འདུ་འགོད་ལག་བསྟར། ཞིང་ཆུ་འདྲེན་པའི་མུའུ་ཁྲི་120མང་དུ་དང་ལེགས་བཅོས་བཅས་བྱས་ཏེ། ནས་ཐོན་ཚད་ཏུན་ཁྲི་80ཡན་ཟིན་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།