དབུ་ཤོག>ཆེད་སྒྲིག
  • ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་དཔེ་ཀློག་ཉིན་མོའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-04-25

    འཛམ་གླིང་དཔེ་ཀློག་ཉིན་མོ་ཨང་26པ་འཆར་བའི་མཚམས་སུ། ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས“རིག་དཔལ་ལྡན་པའི་ཉམས་འགྱུར། རིག་གནས་དར་བའི་ལས་ཁུངས”ཞེས་པའི་དཔེ་ཀློག་ཉིན་མོའི་རིམ་སྤེལ་བྱེད་སྒོ་སྤེལ་ནས། ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་དཔེ་དེབ་མང་ཙམ་ཀློག་པ་དང་དཔེ་དེབ་ཡག་པོ་ཀློག་རྒྱུར་སྐུལ་ལྕག་བྱེད་པ་དང་། མི་དམངས་ཉེན་རྟོག་པར་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དཔུང་ཁག་སློབ་གསོའི་དག་ཐེར་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པར《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་དྲིས་ལན》སོགས་ཀྱི་དཔེ་དེབ་སྤྲད་པ་དང་། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། གསུང་རྩོམ་གྱེར་འདོན། མྱོང་ཚོར་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། མི་དམངས་ཉེན་རྟོག་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་རྒྱུར་ཁྲིད་སྟོན་བྱས་ནས། “འདུ་ཤེས་བཞི”དེ་བས་ཟབ་ཏུ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།