དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་བྱས་ནས་ཕྱུག་འགྱུར་ལམ་དུ་ཏང་དར་དམར་མདངས་བཀྲ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་སྟར་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་མཐའ་འཁྱོངས་གཏོང་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཁྱད་ལྡན་ལམ་བུ་ཞིག་བཏོད་པ་རེད།

    དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྐང་འཛིན་སྟོབས་ཤུགས་གསོ་སྐྱོང་བྱས་པ། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི“1+3”གྱི་འདུ་འགོད་ལག་བསྟར་བྱས་ཏེ། གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་286གི་ཧྲུའུ་ཅི་དང་པོ་དང་། དེ་བཞིན་གྲོང་གསེབ་དཔལ་འབྱོར་གྱི་ཆེད་དོན་ལས་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཆེད་དོན་ལས་བྱེད་པ། དྲིལ་བསྒྲགས་རིག་གནས་ཀྱི་ཆེད་དོན་ལས་བྱེད་པ་བཅས་མི་གྲངས་849གྲོང་ཚོ(གྲོང་ལྷན)རུ་ལས་ཀ་བྱེད་པར་མངགས་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རིང་གི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་སྲོག་ཤིང་དང་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་པ་དང་། བསམ་བློ་ཆབ་སྲིད་ལས་དོན་ཁྲོད་ཀྱི་ཏང་གི་ལེགས་ཆ་གང་ལེགས་བཏོན་པ། ཏང་གི་དབུལ་སྐྱོར་གཟིགས་སྐྱོང་སྲིད་ཇུས་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཧུར་ཐག་བྱས་པ། མང་ཚོགས་དབུལ་པོ་རང་འགུལ་དང་། གོ་རིམ་ལྡན་པ། བདེ་འཇགས་བཅས་ཀྱི་གནས་སྤོར་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་གནས་སྤོས་མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ”བཅས་ཀྱི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།