དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་ནང་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་བླང་བྱ་གཞིར་བཟུང་། སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་སེམས་ལ་ཟུག་པ། ཏན་ཏིག་སྤེལ་བ་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་རེད།

    ལས་འགན་གསལ་ཐོ་བཟོས་ནས་བཏོན་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལས་འགན་གཙོ་བོ་ཆེ་ཁག་5དང་ཆེད་དོན་བྱེད་སྒོ་ཁག་38གཏན་འཁེལ་བྱས་པ་དང་། རེའུ་མིག་ལ་གཞིགས་ཏེ་ལས་དོན་སྤེལ་བ་དང་འཆར་གཞི་གཞིར་བཟུང་ལས་དོན་བསྒྲུབས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཏན་ཏིག་བྱས་པ་རེད།

    ཏང་ཡོན་ཡོངས་ལ《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》སོགས་གཏན་འཁེལ་བའི་སློབ་སྦྱོང་དཔྱད་ཡིག་དང་ཏང་ཡོན་གྱི་རྟོགས་དགོས་པ་དང་ཤེས་དགོས་རིགས་ཀྱི་ལག་དེབ་400ལྷག་ཙམ་སྤྲད་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ཏེ་བཀོད་འཐབ་པ་ཡོངས་སྒྲིག་འཛུགས་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》དང《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་པ་རེད། “རིགས་པའི་གཞུང་ལུགས་ཀྱི་མཚན་མོའི་སློབ་གྲྭ”ཞིབ་ཚགས་བཏོད་དེ། སློབ་སྦྱོང་སློབ་གསོའི་དུས་ཚོད་གཏན་འཇགས་དང་ཕུགས་ཕན་ལམ་སྲོལ་བཟོས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དུས་རྒྱུན་དུ་བྱེད་པ་དང་རྒྱུན་དུ་གསར་བརྗེ་བྱས་ཡོད། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་དང་དྭངས་གསལ་དུས་ཚིགས་སོགས་ཀྱི་དུས་སྐབས་དང་བསྟུན་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐོག་མའི་བསམ་འདུན་དང་འོས་འགན་ལག་བསྟར་བྱེད་པའི་ལག་ལེན་ཞིབ་ཕྲར་གྱུར་པར་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འཐབ་པ་ཚོས་གསར་བརྗེའི་རྒན་རབས་པར་གུར་བཀུར་ཞུ་བའི་བརྩེ་སེམས་ལས་དོན་དང་། སློབ་སྦྱོང་། སྦྱོང་བརྡར་བཅས་ཀྱི་སྒུལ་ཤུགས་སུ་བྱས་ཏེ་དཀའ་སྡུག་ལ་མི་སྐྲག་པ་དང་ངལ་བར་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་བ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས། མེ་ཟོན་རོགས་སྐྱོབ་བྱ་གཞག་གི་འཕེལ་རྒྱས་ལ་བྱས་རྗེས་གསར་པ་ཧུར་ཐག་འཇོག་གི་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།