དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-04-22

    ★ 1931ལོའི་ཟླ་11པའི་ཚེས་25ཉིན་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ། ཀྲུའུ་ཏེས་ཀྲུའུ་ཞི་གནང་བ་དང་། ཝང་ཅ་ཞང་དང་ཕེང་ཏེ་ཧོའེ་ཡིས་ཀྲུའུ་ཞི་གཞོན་པ་གནང་བའི་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ་ཀྲུང་དབྱང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཟེར)བཙུགས་ནས་རྒྱལ་ཡོངས་ཀྱི་དམར་དམག་ལ་གཅིག་གྱུར་གྱི་འགོ་ཁྲིད་དང་བཀོད་འདོམས་བྱས།

    ★ 1931ལོར་འདྲ་མཉམ་མིན་པའི་ཆིངས་ཡིག་གཞིར་བཟུང་ཀྲུང་གོའི་བྱང་ཤར་དུ་བཅའ་སྡོད་རི་པིན་ཀོན་ཏུང་དམག་གིས་ཀྲུང་གོའི་བྱང་ཤར་དམག་སྡོད་སའི་དམག་སྒར་བྱང་མ་དང་ཧྲེན་དབྱང་གྲོང་ཁྱེར་ལ་ཚུར་རྒོལ་བྱས་ཏེ། རང་རྒྱལ་བྱང་ཤར་གྱི་དགུ་གཅིག་བརྒྱད་དུས་འགྱུར་བསླངས།

    ★ 1931ལོའི་ཟླ་11པར་རུའེ་ཅིན་དུ་འཚོགས་པའི་རྒྱལ་ཡོངས་སུའུ་ཝེ་ཨེད་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་གནས་སྐབས་ཀྲུང་དབྱང་སྲིད་གཞུང་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས། མའོ་ཙེ་ཏུང་གནས་སྐབས་ཀྲུང་དབྱང་སྲིད་གཞུང་གི་ཀྲུའུ་ཞིར་བདམས།

    ★ 1934ལོའི་ཟླ་10པར་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི“སྐོར་བཅོམ”ལ་ངོ་རྒོལ་ཐེངས་ལྔ་པར་ཕམ་ཉེས་བྱུང་བ་དང་། ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་ལ་འཐབ་ཇུས་སྤོ་སྒྱུར་མ་བྱེད་ཐབས་མེད་བྱུང་ནས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱེད་འགོ་ཚུགས།

    ★ 1931ལོའི་ཟླ་9པར་དམར་དམག་ཕྱོགས་ཀྱིས་ངོས་ཕྱོགས་དམག་དང་པོས་གོ་མིན་ཏང་དམག་དཔུང་གི“སྐོར་བཅོམ”ཐེངས་གསུམ་པ་ཐལ་བའི་རྡུལ་དུ་བརླགས་རྗེས། ཅང་ཤིས་ལྷོ་རྒྱུད་དང་ཧྥུའུ་ཅན་ནུབ་རྒྱུད་ཀྱི་གསར་བརྗེའི་གནས་གཞིའི་ཁུལ་གཉིས་ཡུག་གཅིག་ཏུ་སྦྲེལ་བས་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ཁུལ་འཛུགས་པར་རྨང་གཞི་བཏིང་ཡོད།

    (མུ་མཐུད་འགོད་རྒྱུ) 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།