དབུ་ཤོག>ཆེད་སྒྲིག
  • ངག་དབང་ཕུན་ཚོགས་དང་སྐལ་བཟང་དར་རྒྱས་ཀྱིས་མཉམ་དུ་ལས་གཏོད་བྱས། མཛེས་སྡུག་འབྱུང་འགྱུར་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-21

    406300_yis_1618934400000_s.jpg

    བསོད་ནམས་ཅན་ཁེ་ལས་ཚད་ཡོད་ཀུང་སིས་ལས་མི་སྒྲིག་འཛུགས་ཀྱིས་དཔེ་ཀློག་གི་མྱོང་བ་གླེང་བཞིན་པ།

    406304_yis_1618934400000_s.jpg

    བསོད་ནམས་ཅན་ཁེ་ལས་ཚད་ཡོད་ཀུང་སིའི་ལས་མིས་ཕྱི་རུ་འབྲེལ་ཡོད་ཡིག་སྒྲོམ་བཟོ་བཞིན་པ།

    406308_yis_1618934400000_s.jpg

    སྐལ་བཟང་དར་རྒྱས(གཡོན)དང་ངག་དབང་ཕུན་ཚོགས།

    406306_yis_1618934400000_s.jpg

    བསོད་ནམས་ཅན་ཁེ་ལས་ཚད་ཡོད་ཀུང་སིའི་ལས་མིས་ཕྱི་རུ་འབྲེལ་ཡོད་དྲིལ་བསྒྲགས་སྒྲོམ་བཟོ་བཞིན་པ།

    406298_yis_1618934400000_s.jpg

    ས་གནས་དེ་གའི་སློབ་ཆེན་སློབ་མས་བསོད་ནམས་ཅན་ཁེ་ལས་ཚད་ཡོད་ཀུང་སིར་དངོས་སྦྱོང་བྱེད་བཞིན་པ།

    406302_yis_1618934400000_s.jpg

    བསོད་ནམས་ཅན་ཁེ་ལས་ཚད་ཡོད་ཀུང་སིའི་ལས་མིས་གྲོང་ཁུལ་དུ་ཚོང་ཁང་གི་སྒོ་བྱང་བཟོ་བཞིན་པ།

    406296_yis_1618934400000_s.jpg

    བསོད་ནམས་ཅན་ཁེ་ལས་ཚད་ཡོད་ཀུང་སིས་ཇུས་འགོད་བྱས་པའི“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པའི་ཕྱི་རོལ་དྲིལ་བསྒྲགས་ཡི་གེ

    བོད་ལྗོངས་བསོད་ནམས་ཅན་ཁེ་ལས་ཚད་ཡོད་ཀུང་སིས་བརྡ་ཁྱབ་ཇུས་འགོད་དང་དེ་བཞིན་སྒྲིག་བཟོ་སོགས་ཀྱི་ལས་སྒོ་གཙོ་བོ་གཉེར་གྱི་ཡོད། ཀུང་སི་འཛུགས་མཁན་ངག་དབང་ཕུན་ཚོགས་དང་སྐལ་བཟང་དར་རྒྱས་གཉིས་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དང་ལྷ་རྩེ་རྫོང་ནས་ཡིན་ཞིང་སློབ་ཆེན་ཐོན་པའི་སློབ་མ་རེད།

    ལོ་ཁ་ཤས་གོང་། ཁོང་གཉིས་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་ལ་རྒྱུགས་འཕྲོད་རྗེས་རང་སོ་སོའི་ཆེད་ལས་ཡག་པོ་སྦྱོང་བ་དང་ཆབས་ཅིག ད་དུང་སློབ་གྲྭའི་ཚོགས་པ་ཁག་ལ་ཧུར་ཐག་ཞུགས་ནས་ལེ་ཚན་གཙོ་སྐྱོང་པ་དང་། སློབ་གྲྭའི་དུས་དེབ་ཀྱི་རྩོམ་སྒྲིག་པ། ཐོན་རྫས་ཇུས་འགོད་སོགས་ཀྱི་ལས་འགན་འཁུར།

    2018ལོར་སློབ་གྲྭ་ཐོན་རྗེས། ཁོང་གཉིས་ལྷ་སར་བསྡད་དེ་ལས་ཀ་བྱས། ངག་དབང་ཕུན་ཚོགས་ཁ་གསང་ཞིང་འགྲན་སློང་ལ་དགའ་བས་རི་མཐོའི་སྣེ་ཤན་པ་ཞིག་བྱས་ཤིང་། སྐལ་བཟང་དར་རྒྱས་མཉེན་ཆས་སྣ་ཚོགས་བཀོལ་སྤྱོད་ལ་བྱང་ཆུབ་པས་བརྡ་ཁྱབ་ཀུང་སི་ཞིག་ཏུ་ལས་ཀ་བྱས།

    ཐེངས་ཤིག ངག་དབང་ཕུན་ཚོགས་ཁྲོམ་གཞུང་དུ་དྲིལ་བསྒྲགས་ཤོག་ལྷེ་སྤྲོད་སྐབས་བརྡ་ཁྱབ་ལས་རིགས་ཀྱི་ཚོང་ལས་གོ་སྐབས་ཤེས་ནས་འཕྲལ་དུ་སྐལ་བཟང་དར་རྒྱས་ལ“ངེད་གཉིས་བརྡ་ཁྱབ་ཀུང་སི་ཞིག་གཉེར་ན་གང་འདྲ་འདུག”ཅེས་ཁ་པར་བཏང་བར་སྐལ་བཟང་དར་རྒྱས་ཀྱིས“ཡག་པོ་འདུག ངས་ཀྱང་སྔ་མོ་ནས་བརྡ་ཁྱབ་ཀུང་སི་ཞིག་གཉེར་འདོད་ཡོད”ཅེས་བཤད། དེ་རྗེས་ཁོང་གཉིས་ཀྱིས་མཉམ་དུ་ལས་གཏོད་བྱས་ཏེ་སོ་སོའི་ཕུགས་འདུན་དོན་གཉེར་བྱས།

    རེ་བ་དང་དམིགས་ཚད་ཡིད་ལ་བཅངས་ནས་ལས་གཏོད་བྱེད་འགོ་ཚུགས། བརྡ་ཁྱབ་ཀུང་སི་གཉེར་བར་ཁང་པ་འཚོལ་རྒྱུ་དང་མ་དངུལ་གྲ་སྒྲིག་བྱེད་རྒྱུ་ཧ་ཅང་གལ་ཆེ་བས། ངག་དབང་ཕུན་ཚོགས་ཀྱིས་གློག་སྒུལ་སྦག་སྦག་བཏང་ནས་ཟླ་བ་གཅིག་ལྷག་ལ་ཁྲོམ་གཞུང་གང་སར་ཁང་པ་འཚོལ་བར་ཕྱིན་པས་མཐར་ཁང་གླ་ཅུང་ཁེ་བའི་ཁང་པ་ཞིག་རག ཁོང་གཉིས་ཀྱིས་སློབ་ཆེན་འགྲིམ་སྐབས་བསགས་པའི་དངུལ་དང་ལས་ཀའི་གླ་ཆ་ཚང་མ་བཏོན་པའི་ཁར་ད་དུང་གཉེན་ཉེ་དང་གྲོགས་པོར་དངུལ་གཡར་ནས་ཀུང་སི་འཛུགས་རྒྱུར་མཁོ་བའི་དངུལ་སྒོར་ཁྲི་60གྲ་སྒྲིག་བྱས།

    ངག་དབང་ཕུན་ཚོགས་འབྲེལ་བ་འཛིན་རྒྱུར་མཁས་ཤིང་སྐལ་བཟང་དར་རྒྱས་བརྡ་ཁྱབ་ཇུས་འགོད་ལ་མཁས་པས། གཅིག་གིས་ཀུང་སིའི་ལས་སྒོ་གཉེར་བ་དང་གཅིག་གིས་ཀུང་སིའི་ཕྱིར་འབྲེལ་འདྲིས་བྱས་ཏེ། 2019ལོར། ཀུང་སི་དེ་ལྟར་བདེ་བླག་ངང་གཉེར་སྐྱོང་བྱེད་འགོ་ཚུགས་མོད། ཡིན་ན་ཡང་ལས་གཏོད་བྱས་ནས་ཡུན་རིང་མ་སོང་བར། 2020ལོའི་ལོ་འགོར་ཏོག་གསར་གློ་ཚད་རིམས་ནད་མཆེད་རྐྱེན་ཀུང་སིའི་ལས་སྒོ་གཉེར་ཚད་ཆེས་ཆེར་ཆག“དཀའ་ཚེགས་ཆེ་བའི་དུས་སྐབས་དེར་ཟླ་བ་གསུམ་རིང་ཡོང་འབབ་གཅིག་ཀྱང་མ་རག་པས་ཁང་བདག་སེམས་བཟང་དེས་ཁང་གླ་ཉུང་དུ་བཏང་བྱུང”ཞེས་ངག་དབང་ཕུན་ཚོགས་ཀྱིས་ཕྱིར་དྲན་བྱས་ནས་བཤད།

    “དང་ཐོག་ལས་གཏོད་བྱེད་སྐབས་དཀའ་ངལ་ཆེ་ཤོས་ནི་ཚོང་འགྲུལ་ཚོས་ང་ཚོ་ལྟ་བུའི་བརྡ་ཁྱབ་ཀུང་སི་གསར་པར་དེ་ཙམ་གྱི་ཡིད་ཆེས་མེད་པ་དང་ཡང་ན་ང་ཚོ་རང་ཉིད་ལ་ཉམས་མྱོང་མེད་པ་དེ་རེད” མངགས་ཐོ་རེ་རེ་ནི་ང་ཚོར་མཚོན་ན་འགྲན་སློང་རེ་རེ་རེད། “སྔ་ས་ནས་གྲ་སྒྲིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། གྲ་སྒྲིག་ཡག་པོ་བྱུང་ཚེ་གཞི་ནས་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བདེ་པོ་འདུག”རང་ངོས་ཀྱི་དངོས་ཤུགས་མགྱོགས་མྱུར་ཆེ་རུ་གཏོང་ཆེད། ཀུང་སིའི་ལས་མི་ཚོས་རྟག་ཏུ་ལས་དུས་འཕར་མ་བྱས་ནས་སྒྲིག་བཟོ་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་བསྐྱར་སྒྲིག་བྱས་ནས་ཚོང་འགྲུལ་ཚོའི་དགོས་མཁོ་སྐོང་ཅི་ཐུབ་བྱས་པ་ཡིན་ཞེས་ངག་དབང་ཕུན་ཚོགས་ཀྱིས་ཕྱོགས་བསྡོམས་བྱས་ནས་བཤད།

    སྣེའུ་ཟམ་ཆེན་འཁྲིས་ཀྱི་རི་ལྡེབས་སུ་ལྗོན་ཤིང་ལས་གྲུབ་པའི“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པའི་ཡིག་འབྲུ་ཆེན་པོ་བདུན་པོ་ནི་ང་ཚོ་ཀུང་སིས་འཆར་འགོད་བྱས་པ་ཞིག་རེད། དེར་ང་ཚོས་སེམས་ནུས་མང་པོ་བཏོན་ཡོད། བརྡ་ཁྱབ་ཆེན་པོ་དེ་ཡག་པོ་བྱུང་བའི་རྐྱེན་གྱིས་ང་ཚོའི་ཀུང་སིར་ཁྲོམ་རའི་ཁས་ལེན་ཐོབ་བྱུང”ཅེས་སྐལ་བཟང་དར་རྒྱས་ཀྱིས་བཤད།

    དཀའ་སྤྱད་འབད་བརྩོན་དང་ཡིད་རྟོན་གཉེར་སྐྱོང་བྱས་པ་བརྒྱུད། ཁོང་ཚོ་བརྡ་ཁྱབ་ཁྲོམ་རར་སྐད་གྲགས་ཅུང་ཆོད་དེ་ལས་སྒོ་ཡང་རིམ་བཞིན་མང་དུ་ཕྱིན། 2020ལོར་ཀུང་སིར་ཡོང་འབབ་སྒོར་ཁྲི་60རག་པ་མ་ཟད། ད་དུང་སློབ་ཆེན་ཐོན་པའི་སློབ་མ་3དེ་གར་ལས་ཞུགས་བྱས། “འདི་ལོར། མིག་སྔའི་མངགས་ཐོའི་གནས་ཚུལ་ལ་བལྟས་ན། ཀུང་སིའི་ཡོང་འབབ་སྒོར་ཁྲི་100ཟིན་རྒྱུའི་རེ་བ་ཡོད། ང་ཚོས་ད་དུང་ཕ་ཡུལ་དུ་ཡན་ལག་ཀུང་སི་ཞིག་བཙུགས་ནས་རང་ཉིད་ཀྱི་ལས་གཏོད་ཉམས་མྱོང་མི་དེ་བས་མང་བར་མཉམ་སྤྱོད་བྱེད་རྩིས་ཡོད”“ཀུང་སིར་མིང‘བསོད་ནམས་ཅན’ཞེས་བཏགས་པ་བཞིན་ང་ཚོའི་ཀུང་སི་ཡུན་རིང་གཉེར་སྐྱོང་ཐུབ་ངེས་ཡིན”ཞེས་ངག་དབང་ཕུན་ཚོགས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།