གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས“ལས་ཁུངས་ཀྱི་གད་སྙིགས་རིགས་དབྱེའི”ལས་དོན་ལ་མགྱོཌ་མྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུཌ་བྱས་ཏེ། “གད་སྙིགས་རིགས་དབྱེའི་དར་སྲོལ་གསར་པ་གཏོད་པ་དང་ཏང་ཡོན་གྱིས་སྔོན་ལ་མིག་དཔེ་འདོན་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་གཞིས་རྩེ་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་རེད།
ད་རེས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་ལས་ཏང་ཡོན་ལས་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད། ཚང་མས་གད་སྙིགས་རིགས་དབྱེ་ནི“བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི”དམངས་ཕན་འདུ་འགོད་ཅིག་རེད། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་ཡང་འབད་བསྐྱར་འབད་ཀྱིས་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། གད་སྙིགས་རིགས་དབྱེ་གཙང་སེལ་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ཁྱབ་གདལ་དང་དོན་འཁྱོལ་བཅས་བྱས་ནས་ལྗང་མདོག་དང་། ཞི་མཐུན། མཛེས་སྡུག གྲོན་ཆུང་བཅས་ཀྱི་གཞིས་རྩེ་སྐྲུན་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།