དབུ་ཤོག>ཆེད་སྒྲིག
  • རྒྱ་ཚ་རྫོང་གིས“རིག་སྐྱོར་དང་བློ་སྐྱོར”ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-21

    ཉེ་བའི་ལོ་ཤས་རིང་། རྒྱ་ཚ་རྫོང་གིས“རིག་སྐྱོར་དང་བློ་སྐྱོར”ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    རྒྱ་ཚ་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་གཞི་རྟེན་དང་། “རིག་སྐྱོར་དང་བློ་སྐྱོར”དང“ལྟ་བར་འགྱུར་ལྡོག་གཏོང་རྒྱུ”དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། གཅིག་སྡུད་སྒྲོག་འགྲེལ་བྱེད་པ། སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཉེ་འགྲམ་གྱི་བྱ་བར་བརྟེན་ཏེ། ཉེ་འགྲམ་གྱི་མིར་མང་ཚོགས་དབུལ་པོའི་རྗེས་ལུས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་སློབ་གསོ་དང་ལྕག་སྐུལ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སེམས་ཤུགས་དང་ཆོད་སེམས་ཆེ་རུ་བཏང་ཡོད། “འགྲན་སློབ་སྙེག་རོགས་བརྒལ”དང“ཉེ་འགྲམ་གྱི་སེམས་འགུལ་ཐེབས་འོས་པའི་མིར་བསྟོད་བསྔགས་གཏོང་བ”སོགས་ཀྱི་བྱེད་སྒོ་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་དང་། དབུལ་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཡོད། “ཞིང་པའི་མཚན་སློབ”དང“ཁྲིད་སྦྱོང་ཁང”སོགས་གཞི་རྟེན་སྤྱད་དེ་བསམ་བློ་དང་། རིག་གནས། ཀུན་སྤྱོད། བཅའ་ཁྲིམས། དྲིན་ཚོར་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་། རང་བཀུར་དང། རང་གཅེས། རང་སྟོབས་བཅས་ཀྱི་བསམ་པ་དར་སྤེལ་བཏང་སྟེ་སྲིད་ཇུས་ཁོ་ནར་བརྟེན་པ་ལས་ལས་ཀ་མི་བྱེད་པ་དང་། རོགས་སྐྱོར་ལ་བརྟེན་པ་ལས་དཀའ་བ་མི་སྤྱོད་པ། “སྒུག་བརྟེན་སློང་གསུམ”གྱི་གོམས་གཤིས་ངན་པ་བཅས་མི་ཐོན་པ་བྱས་ཡོད། རྒུད་གསབ་ལས་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་དབུལ་པོའི་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་བཏང་ཡོད། གོམས་སྲོལ་སྒྱུར་བའི་བྱེད་སྒོ་སྤེལ་བ་དང་། གྲོང་སྲོལ་དམངས་ཆིངས་དག་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ། གྲོང་མིའི་གྲོས་བསྡུར་ཚོགས་འདུ་དང་། ཀུན་སྤྱོད་དཔྱད་གླེང་ཚོགས་འདུ། གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ལྷན་གྱི་འགོ་ཁྲིད་ཚོགས་འདུ། དུག་འགོག་རྒྱན་འགོག་ཚོགས་འདུ་སོགས་མང་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་མང་ཚོགས་དབུལ་པོར་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་དར་སྤེལ་དང་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།