དབུ་ཤོག>ཆེད་སྒྲིག
  • ཆུ་གསུམ་རྫོང་སློབ་འབྲིང་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-21

    ཉེ་ཆར་ཆུ་གསུམ་རྫོང་སློབ་འབྲིང་གིས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང“བྱིས་པའི་དུས་ནས་ཏང་གི་ལོ་རྒྱུས་སྦྱོང་། ནམ་ཡང་ཏང་གི་རྗེས་སུ་དམ་པོར་འབྲང”བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། འཛིན་གྲྭ་ཁག་གི་ཀྲུའུ་རེན་གྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞིབ་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ཟུང་འབྲེལ་བྱས་ཏེ། སློབ་མའི་སྣེ་ཁྲིད་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ཀྱི་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱས་པ་རེད།

    “བྱིས་པའི་དུས་ནས་ཏང་གི་ལོ་རྒྱུས་སྦྱོང་། ནམ་ཡང་ཏང་གི་རྗེས་སུ་དམ་པོར་འབྲང”བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད། སློབ་མས་ཏང་གི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། སློབ་མའི་ཕུགས་བསམ་དང་དད་སེམས་བརྟན་དུ་ཕྱིན་པ། ཏང་གི་རྗེས་སུ་དམ་པོར་བསྙེགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་བ་ཚད་ལྡན་ཞིག་བྱེད་པའི་སེམས་ཤུགས་འཕེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།