འདི་ནི་བསོད་ནམས་ཡར་འཕེལ་ཡིན་པ།
འདི་ནི་བསོད་ནམས་ཡར་འཕེལ(གཡས)དང་ཁོང་གི་བཟའ་ཟླ་སྒྲོལ་དཀར་ཡིན་པ།
འདི་ལོ་ལོ་84ལ་སླེབས་པའི་བསོད་ནམས་ཡར་འཕེལ་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྟེང་མཁར་ནུབ་ཕྱོགས་གྲོང་ཚོ་ནས་ཡིན་ཞིང་། བོད་རྙིང་པའི་འཚོ་བར་ཕྱིར་དྲན་བྱེད་སྐབས་རྒད་པོ་བསོད་ནམས་ཡར་འཕེལ་གྱིས“ཆུང་དུས་ནང་མི་ཚང་མ་ཀོང་པོ་རྒྱ་མདའ་རྫོང་དུ་སྡོད་པ་དང་ལོ་གཅིག་ཞག་མ་365རི་སྟེང་དུ་ཕྱུགས་འཚོ་དགོས་ཀྱི་ཡོད། རྩྭ་རར་རྩྭ་ཁ་བཟང་ལ་ནོར་ལུག་ཁྱུ་དང་ཁྱུ་ཡོད་ཀྱང་ང་ཚོ་ཞིང་བྲན་ལ་དབང་བའི་ནོར་ལུག་གཅིག་ཀྱང་མེད། གྲོད་པ་ལྟོགས་ནའང་ལ་ཀླུང་རྒྱག་དགོས་པ་ནི་ཆུང་དུས་བག་ཆགས་ཟབ་ཤོས་དེ་ཡིན”ཞེས་བཤད།
1956ལོར། ཁྱིམ་གྱི་འཚོ་བ་འཁྱོལ་ཐབས་བྲལ། གྲྭ་པ་ཡིན་ན་ཁྲལ་འཇལ་མི་དགོས་སྟབས་བསོད་ནམས་ཡར་འཕེལ་གྱིས་ལྷ་སར་གྲྭ་པ་བྱེད་པར་འགྲོ་རྒྱུའི་ཐག་བཅད། ཏག་ཏག་སྐབས་དེ་དུས་བཅིངས་འགྲོལ་དམག་མིར་སྐད་སྒྱུར་བྱེད་མཁན་ཕ་ཡུལ་གཅིག་པའི་མི་དང་འཕྲད་དེ་དེའི་ཁ་ཏ་བསླབ་བྱ་ཉན་ནས་ལྷ་སར་གྲྭ་པ་བྱེད་རྒྱུའི་བསམ་བློ་དོར་ཏེ་སློབ་གྲྭར་སློབ་སྦྱོང་བྱེད་པར་སོང་བས་ནང་སར་སློབ་སྦྱོང་ལ་ཕྱིན་པའི་བོད་ཀྱི་སློབ་མ་ཁག་དང་པོའི་གྲས་སུ་གྱུར།
1959ལོར། བསོད་ནམས་ཡར་འཕེལ་གྱིས་རང་མོས་བཞིན་བོད་དུ་དམངས་གཙོའི་བཅོས་སྒྱུར་ལས་དོན་ལ་ཞུགས་པར་མིང་ཐོ་བཀོད་པ་དང་1961ལོར་ཏང་རྩ་འཛུགས་ནང་ཞུགས། ཕྱིས་སུ་བསོད་ནམས་ཡར་འཕེལ་ཆུས་ཀྲང་ཆགས་ནས་ཡུལ་མི་སྤུན་ཟླ་ཚོའི་སྣེ་འཁྲིད་དེ་འཚོ་བ་དེ་བས་ལེགས་པ་དོན་གཉེར་བྱས།
ད་ཆ། ཁོང་རྒན་ཡོལ་ཞུས་ནས་བོད་ཁྱིམ་བ་གམ་ལྟ་བུར་བུ་ཚ་དང་མཉམ་དུ་ཚེ་མཇུག་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།