དབུ་ཤོག>ཆེད་སྒྲིག
  • གྲངས་གཞི་འདི་དག་ནས་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་གནད་འགག་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-04-20

    ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན》བཀོད་ཡོད། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དེར། ཇི་ལྟར་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ལུགས་གྲངས་གཞི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི“གནད་འགག”ལ་ལྟ་དགོས།

    དོན་ཆེན་གཅིག

    ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། བསམ་བློའི་ཚུགས་གནས་མཐོ་རུ་གཏོང་བ་དང་། དོན་དངོས་ལ་གཞི་ཚུགས་པ། དྲང་སྲུང་གསར་གཏོད་བཅས་བྱས་ནས་ཚད་གཞི་དང་སྤུས་ཚད་མཐོ་པོས་སློབ་སྦྱོང་དང་སློབ་གསོའི་ལས་འགན་ཁག་ལེགས་པར་སྒྲུབ་དགོས།

    བྱེད་དགོས་པ་གཉིས།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་སྐབས་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས།

    ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་སྐབས་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

    ལྡོག་མེད་ཀྱི་བླང་བྱ་གསུམ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་དགོས་དོན་གང་ཡིན་ནམ།

    ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། དད་མོས་དང་དད་སེམས་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་སོ།

    ཕྱོགས་བཞི།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཇི་ལྟར་བྱས་ནས་སྤེལ་དགོས་སམ།

    ★གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། 

    ★གཉིས་ནས་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་དགོས་པ། 

    ★གསུམ་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རོགས་དང་དཀའ་གནད་སེལ་རོགས་ཏན་ཏིག་བྱེད་དགོས་པ། 

    ★བཞི་ནས་བྱེད་ཐབས་གསར་གཏོད་ལ་སྣང་ཆེན་བྱེད་དགོས་པ་བཅས་སོ།

    སྔར་ལས་ལྷག་པ་དྲུག

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་གཙོ་གནད་གང་དང་གང་ཡོད་དམ།

    ★གཅིག་ནས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་སྟོབས་ཤུགས་ཆེན་པོ་ཚོར་ཤེས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་ལ་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས་པ་དང་། 

    ★གཉིས་ནས་སྔར་ལས་ལྷག་པའི་སྒོ་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ལ་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་བྱེད་དགོས། 

    ★གསུམ་ནས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་ཟབ་ཏུ་བཏང་སྟེ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་རང་གཤིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། 

    ★བཞི་ནས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 

    ★ལྔ་ནས་སྔར་ལས་ལྷག་པའི་སྒོ་ནས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཀའ་སྤྱད་འབད་འཐབ་ཀྱི་ཞུམ་མེད་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། 

    ★དྲུག་ནས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ཆེ་རུ་བཏང་སྟེ། ཏང་ཡོངས་གོམ་སྟབས་གཅིག་མཚུངས་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    བླང་བྱ་དགུ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་དགོས་དོན་གང་ཡིན་ནམ།

    ★རང་རེའི་ཏང་འདི་ཉིད་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་འགྲིམས་མྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་སྲིད་འཛིན་ནས་ལོ་ངོ་70ལྷག་ཙམ་སོང་བ། ཏང་ཡོན་ཁྲི་9100ལྷག་ཙམ་ཡོད་པ་བཅས་ཀྱི་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་སུ་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བློ་ཐག་རྦད་བཅད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་རླབས་ཆེན་བྱ་གཞག་ལ་གཞོལ་བའི་ལོ་བརྒྱ་ནི་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་སྒང་ཡིན་པའི་དུས་འདིར། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་རླབས་རྒྱུན་གྱི་ཆེས་མདུན་གྲལ་དང་། འགག་སྒྲོལ་དཀའ་སེལ་གྱི་གཡུལ་ས་མདུན་མ། ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲོད་བཅས་སུ་ལངས་ཏེ་ནམ་ཡང་མི་ཕམ་པའི་གནས་སུ་ཚུགས་ཐུབ་དགོས་པ་དང་གཅིག

    ★ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་རེད། རང་རེའི་ཏང་གི་ལོ་རྒྱུས་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཚུན་གྱི་ལོ་རྒྱུས་ཐོག་དགའ་སྐྱོ་གཉིས་ལྡན་གྱི་ལེའུ་ཞིག་རེད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མི་དམངས་ཀྱིས་འཚོལ་ཞིབ་དང་འཐབ་རྩོད་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་བཏོད་ཡོད་ལ། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་ཤེས་དཔལ་གྱི་ལོ་རྒྱུས་ཀྱི་འོད་སྟོང་གསར་པའང་བཏོད་ཡོད། མཐའ་དག་མདུན་ཕྱོགས་སུ་སྐྱོད་ཀྱང་། བསྐྱོད་མྱོང་བའི་ལམ་བུ་བརྗེད་རྒྱུ་མེད་པ་དང་། ཇི་ཙམ་གྱིས་རྒྱང་རིང་དུ་བསྐྱོད་པ་དང་འོད་སྟོང་ཇི་ཙམ་འཕྲོ་བའི་འབྱུང་འགྱུར་དུ་སླེབས་ནའང་། བསྐྱོད་མྱོང་བའི་སྔོན་ཆད་བརྗེད་རྒྱུ་མེད་ལ་སྐྱོད་དགོས་དོན་གང་ཡིན་པ་བརྗེད་རྒྱུ་མེད་པ་དང་གཉིས།

    ★ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་མདུན་ཕྱོགས་སུ་མུ་མཐུད་སྐུལ་འདེད་གཏོང་རིང་ངེས་པར་དུ་སྦྱོང་དགོས་པ་ཞིག་རེད། སློབ་ཚན་དེ་ངེས་པར་དུ་སྦྱོང་དགོས་པ་མ་ཟད། ད་དུང་ཁོང་དུ་ཆུད་པའང་བྱེད་དགོས་པ་དང་གསུམ།

    ★ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ནི་འཚོ་བཅུད་ཡག་ཤོས་ཤིག་རེད། རླབས་ཆེན་གྱི་ལོ་རྒྱུས་དེ་བསྐྱར་དྲན་བྱས་ན་ཏང་གི་ཐོག་མའི་བསམ་འདུན་དང་། ངོ་བོ་དང་དམིགས་ཡུལ། ཕུགས་བསམ་དང་དད་སེམས་བཅས་ཀྱི་གསོན་ཉམས་དོད་པའི་སློབ་གསོ་ཐོབ་རྒྱུ་རེད། དེས་ན་ངེས་པར་དུ་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་དགོས་པ་དང་བཞི།

    ★ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ལོ་རྒྱུས་རྟོགས་ནས་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་དང་། སློབ་སྦྱོང་དང་གོ་བ་ལེན་པའི་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། འབད་འབུངས་མདུན་སྐྱོད་བྱེད་རིང་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་དགོས་པ་དང་ལྔ།

    ★རང་རེའི་ཏང་གི་ལོ་རྒྱུས་ནི་རང་རེའི་ཏང་གིས་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་དཀའ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་པའི་ལོ་རྒྱུས་ཤིག་ཡིན་པས། ངེས་པར་དུ་མཉམ་དུ་འཚོ་གནས་དང་མཉམ་དུ་འབད་བརྩོན་བྱས་ཏེ་མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་དྲུག

    ★ཏང་གི་ལོ་རྒྱུས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ལོ་རྒྱུས་དཔྱད་འཛིན་དང་སྲིད་སྐྱོང་མི་སྐྱོང་བྱེད་པའི་ཏང་གི་ལོ་རྒྱུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ་དང་བདུན།

    ★ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི་གྲུབ་འབྲས་ཐོབ་པའི་ལག་ལེན་ཁྲོད་ནས་སེམས་གསོ་བྱེད་པ་ཞིག་མིན་ལ། བྱས་རྗེས་ཐོ་བཀོད་ཁྲོད་དུ་ཉལ་ནས་སྡོད་པ་དང་དེང་གི་དུས་སུ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་གཡོལ་ཐབས་ཀྱི་ཁ་གཡར་ས་ཞིག་དེ་བས་ཀྱང་མིན་པར། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། གསར་འབྱེད་མདུན་སྐྱོད་ཀྱི་བློ་སྟོབས་དང་སེམས་ཤུགས་འཕེལ་བ་བཅས་བྱེད་པའི་ཆེད་དུ་ཡིན་པ་དང་བརྒྱད།

    ★དངོས་གཙོ་སྨྲ་བའི་ལོ་རྒྱུས་ལྟ་བར་བརྟེན་ནས་ལོ་རྒྱུས་ཤེས་རྟོགས་མཐའ་འཁྱོངས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་གཙོ་ཕལ་གསལ་འབྱེད་བྱེད་པ། བདེན་དོན་མཐའ་འཁྱོངས་བྱས་ནས་ནོར་འཁྲུལ་ཡོ་བསྲང་དང་། ཉམས་མྱོང་དར་སྤེལ། བསླབ་བྱ་དང་ལེན་བཅས་བྱེད་དགོས་པ་དང་དགུ་བཅས་སོ། དེ་དག་ཚང་མ་ནི་རང་རེའི་ཏང་གིས་ཏང་གི་ལོ་རྒྱུས་ལ་ཐོག་མཐའ་བར་གསུམ་དུ་འཛིན་པའི་ལངས་ཕྱོགས་དང་རྣམ་འགྱུར་རེད། དེ་ཐོག་ནས་རང་རེའི་ཏང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱུང་བ་མཚོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།