འདི་ནི་ཏང་གི་ལོ་རྒྱུས་འགྲུལ་འཁོར་ཀྲུང་གུང་ཚོགས་ཆེན་དང་པོ་འཚོགས་ས་ནས་ཐོན་ཏེ་གསར་བརྗེའི་མཚོན་རྟགས་20ལྷག་ཙམ་བསྐོར་བའི་རྣམ་པ་ཡིན་པ།
ཚེས་18ཉིན“ལོ་བརྒྱའི་ཏང་གི་ལོ་རྒྱུས་ལམ་བུ། འབད་འཐབ་ཀྱི་རྒྱང་སྐྱོད་ལམ་གསར”ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགྲུལ་འཁོར་གྱི་སློབ་ཚན་ཧྲང་ཧའེ་རུ་འཚོགས་འགོ་ཚུགས་པ་རེད། “ཏང་གི་ལོ་རྒྱུས་འགྲུལ་འཁོར”གྱིས་འགྲུལ་པ་བླུགས་ཏེ་ཀྲུང་གུང་ཚོགས་ཆེན་དང་པོ་འཚོགས་ས་ནས་ཧྲང་ཧའེ་ཡི་གསར་བརྗེའི་མཚོན་རྟགས་20ལྷག་ཙམ་བརྒྱུད་ནས་འགྲོ་ཡི་ཡོད། འགྲུལ་འཁོར་ཐོག་གི་དང་བླངས་སྒྲོག་འགྲེལ་པས་འགྲུལ་པ་ཚོར་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཤོད་ཀྱི་ཡོད། འགྲུལ་འཁོར་སློབ་ཁང་ནི་ཀྲུང་གུང་ཚོགས་ཆེན་དང་པོ་འཚོགས་སའི་དྲན་གསོ་ཁང་སོགས་ཚན་པས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།