དབུ་ཤོག>ཆེད་སྒྲིག
  • ཐུན་སྦྱོར་འཕེལ་རྒྱས་ལས། རིག་གནས་དར་རྒྱས་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-18

    396457_yis_1618675200000_s.jpg

    འདི་ནི་2020ལོའི་ཟླ་9ཚེས་10ཉིན་པར་བླངས་པའི་ལོ་ངོ་600ཡི་ལོ་རྒྱུས་ལྡན་པའི་གོང་མའི་ཕོ་བྲང་ཡིན་པ།

    396461_yis_1618675200000_s.jpg

    འདི་ནི་བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་སུ་ལས་དོན་མི་སྣས་རྩ་ཆེའི་བོད་ཡིག་གི་སྟོངས་ལ་ཉེ་བའི་གནའ་གཞུང་ཚད་ལྡན་ཡིག་ཆ་ཉམས་བཟོ་བྱེད་བཞིན་པ།

    396459_yis_1618675200000_s.jpg

    “རི་ལྡེབས་ཀྱི་འདུ་འཛོམས”ནི་དཔྱིད་གསར་དུས་ཆེན་རིང་ཀོང་ཤིས་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་ཁོངས་ཀྱི་མེའོ་རིགས་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་མང་པོ་མཉམ་འཛོམས་ཀྱིས་རོལ་རྩེད་བྱེད་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། ཀོང་ཤིས་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་ཨན་ཧྲུའེ་ཤང་གི་འདུ་འཛོམས་བྱ་ཡུལ་དུ་མེའོ་རིགས་མང་ཚོགས་ཀྱིས་མང་ཀའོ་ཞབས་བྲོ་དང་ལུའུ་ཧྲེང་ཚའེ་ཐང་ཞབས་བྲོ་འཁྲབ་བཞིན་པ།

    396463_yis_1618675200000_s.jpg

    འདི་ནི་ཤིན་ཅང་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཁྲང་ཅི་གྲོང་ཁྱེར་དུ་ཀློག་པ་པོས་ཧྥུའུ་ཅན་ཆོན་ཀྲོའུ་ཡིས་སྐྲུན་རོགས་བྱས་པའི་མི་སེར་གྱི་དཔེ་དེབ་ཁང་དུ་དེབ་ལྟ་བའི་གནས་ཚུལ་ཡིན་པ།

    396455_yis_1618675200000_s.jpg

    འདི་ནི་གྲོགས་པོ་ཆུང་ཆུང་ཚོས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་གྱི་རྒྱ་ཡིག་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ། 

    སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་བྱུང་མེད་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་ཐབས་བྲལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་ལ་གཞིགས་ན། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རིག་གནས་འཛུགས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་དང་། དར་ཆ་སྒྲེང་བ། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འོས་འགན་དང་ལས་འགན་ལ་དམིགས་ཏེ། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།