དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་མ་བརྗེད་པར། དཔའ་ངར་ཆེན་པོས་མདུན་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-18

    396451_yis_1618675200000_s.jpg

    འདི་ནི་བོད་རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་ཁང་གྲོ་མོ་ཕྱི་དོན་ཡན་ལག་དོན་གཅོད་ཁྲུའུ་ཡི་གཞུང་དོན་ཐོག་བརྩེགས་ཁང་ཡིན་པ།

    ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་གིས་ལོ་རྒྱུས་དུས་མཚམས་ཤིག་གི་དཔང་པོ་བྱེད། ལོ་རྒྱུས་ཁྲོད་ནས་དྲན་འཆར་མང་པོ་བློ་ལ་འཆར། ལོ་རྒྱུས་ཀྱི་རྗེས་ཤུལ་བརྒྱུད་ང་ཚོ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་བསྐྱོད་པ་ཡིན།

    ཞོགས་པ་གྲོ་མོ་རྫོང་སྲིད་གཞུང་གི་ཐོག་བརྩེགས་ཁང་ཆེན་ནས་རྡོག་ཐོན་བྱས་ཏེ་ཤུག་པས་བཏུམས་པའི་རི་བོ་དང་ལང་ལོང་དུ་རྒྱུག་པའི་དམར་ཆུ་བརྒྱུད་མཐར་ཤར་གསིང་མ་གྲོང་རྡལ་གྲོ་རྒྱུད་གྲོང་ཚོའི་ལྷོ་ནུབ་ཕྱོགས་ཀྱི་སྨི་200ཡི་སར་སྐྱོད་སྐབས་བཀོད་པ་ཁྱད་དུ་འཕགས་པའི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་མིག་ལམ་དུ་འཆར། འདི་ནི་བོད་རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་ཁང་གྲོ་མོ་ཕྱི་དོན་ཡན་ལག་དོན་གཅོད་ཁྲུའུ་ཡི་གཞུང་དོན་ཐོག་བརྩེགས་ཁང་ཡིན།

    གཞུང་དོན་ཐོག་བརྩེགས་ཁང་དེ་1956ལོར་བསྐྲུན་པ་དང་དེ་ནི་བོད་ཀྱི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་དང་མཚོན་བྱེད་རང་བཞིན་གྱི་གཞུང་དོན་ཁང་ཞིག་རེད་ལ། བོད་ཀྱི་དེང་རབས་ལོ་རྒྱུས་ཐོག་ཏུའང་དོན་སྙིང་གལ་ཆེན་ལྡན་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་བདག་དབང་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་པའི་ཕྱི་དོན་ཡན་ལག་དོན་གཅོད་ཁྲུའུ་དེས་ལོ་ངོ་བརྒྱ་ཡི་ཀྲུང་གོ་དང་ལོ་ངོ་བརྒྱ་ཡི་གྲོ་མོའི་འགྱུར་ལྡོག་གི་དཔང་པོ་བྱེད་པ་དང་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཉམས་རྒུད་ནས་སྟོབས་ཆེན་དང་ཉམས་རྒུད་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་དཔང་པོ་བྱས་ཡོད།

    1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད། 1952ལོའི་ཟླ་བདུན་པར་ཐོན་ཀྲང་ཆེ་ཅིན་ཝུའུ་ཡི་སྣེ་ཁྲིད་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་18པའི་ཧྲེ་ཤོག་52པའི་ཐོན་ཤོག་154པ་གྲོ་མོར་བཅའ་སྡོད་བྱས་ནས་ལས་དོན་སྤེལ་བ་རེད།

     1954ལོར་ཙུང་ལི་ཀྲོའུ་ཨན་ལའེ་ཡི་ཐད་ཀའི་སྣེ་ཁྲིད་འོག་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མི་དང་རྒྱ་གར་སྲིད་གཞུང་གི་འཐུས་མི་ཚོགས་པ་དང་གྲོས་མོལ་བྱས་རྗེས། 《ཀྲུང་གོའི་བོད་ས་གནས་དང་རྒྱ་གར་དབར་ཚོང་དོན་དང་འགྲིམ་འགྲུལ་ཤར་གཏོང་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་མིང་རྟགས་བཀོད་པ་དང་ཆབས་ཅིག་ཡིག་ཆ་བརྗེ་བའི་བྱེད་ཐབས་ཐོག་ནས་དབྱིན་ཇི་དང་རྒྱ་གར་གྱིས་བོད་དུ་དུས་རབས་ཕྱེད་ཀ་ཙམ་སྤྱད་པའི་དམིགས་བསལ་དབང་ཆ་མེད་པར་བཟོས་པ་རེད།

    1954ལོའི་དཔྱིད་ཀར། ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་གྲོ་མོའི་མཐའ་སྲུང་ཏང་ཨུད་བཙུགས་ཏེ་གྲོ་མོ་ས་ཁུལ་གྱི་མཐའ་སྲུང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་ཀྱིས་ཕྱི་ཕྱོགས་ལས་དོན་གྱི་འགན་འཁུར་རྒྱུའི་ཐག་བཅད། 1954ལོའི་དབྱར་ཁར། ཕྱི་འབྲེལ་པུའུ་དང་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་འོག་ཏུ་གྲོ་མོ་དང་། རྒྱལ་རྩེ། མངའ་རིས་བཅས་ཕྱི་དོན་ཡན་ལག་དོན་གཅོད་ཁྲུའུ་གསུམ་འཛུགས་རྒྱུའི་ཐག་བཅད་པ་དང་ལོ་དེའི་ཟླ་10ཚེས་1ཉིན་གྲོ་མོ་ཕྱི་དོན་ཡན་ལག་དོན་གཅོད་ཁྲུའུ་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས། ཕྱི་དོན་ཡན་ལག་དོན་གཅོད་ཁྲུའུ་བཙུགས་རྗེས་གྲོ་མོའི་ཤར་གསིང་མ་གྲོང་རྡལ་གྱི་བོགས་གཡར་གནས་དང་། རྒྱ་གར་ཕྱོགས་ཀྱི་སྦྲག་སྟར་དང་། ས་ཚིགས། ཡིག་ཚགས་དང་དཔྱད་ཡིག་སོཌ་རྩིས་ལེན་བདག་སྤྲོད་ལས་དོན་སྔ་རྗེས་སུ་ལེགས་གྲུབ་བྱས།

    1958ལོའི་ཟླ་9ཚེས་18ཉིན། རྒྱ་གར་གྱི་ཙུང་ལི་ཉི་ཧོ་ལུའུ་འབྲུག་པར་འཚམས་འདྲིར་བསྐྱོད་པའི་ལམ་བར་དུ་གྲོ་མོའི་ཤར་གསིང་མ་གྲོང་རྡལ་བརྒྱུད་སྐབས། སྐབས་དེའི་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་དང་བོད་ལྗོངས་ཕྱི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཀུང་སུའུ་སོགས་ཀྲུང་གོའི་འགོ་ཁྲིད་ཀྱིས་སེམས་རྩ་འཁོལ་པོས་སྣེ་ལེན་བྱས་ཡོད།

    2009ལོའི་ཟླ་10པར། གྲོ་མོ་ཕྱི་དོན་ཡན་ལག་དོན་གཅོད་ཁྲུའུ་དེ་ཁག་ལྔ་པའི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་ཡོངས་བསྒྲགས་བྱས་པ་དང་། ད་ཆ་ལྗོངས་ནང་ཁུལ་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཞིང་། ཚན་པ་དེའི་གཞུང་ལས་ཐོག་བརྩེགས་ཁང་དང་དེ་བཞིན་དེའི་རྒྱབ་ཀྱི་གཏམ་རྒྱུད་མི་དེ་བས་མང་བས་ཤེས་ཀྱི་ཡོད། 2019ལོར་གཞུང་ལས་ཐོག་བརྩེགས་ཁང་དེ་རྙིང་པ་ལྟར་ཉམས་བཟོ་བྱས་ནས་སྔོན་མའི་རྣམ་པ་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།