དབུ་ཤོག>ཆེད་སྒྲིག
  • ཡངས་པའི་ས་གཞི་སྔོ་ལྗང་གོས་ཀྱིས་བཀླུབས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-16

    369923_yis_1618502400000_s.jpg

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གནམ་གྲོང་ཚོའི་གྲོང་མིས་སྡོང་ཕྲུག་ལ་གཡོག་བྱེད་བྱེད་བཞིན་པ།

    369919_yis_1618502400000_s.jpg

    ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་མ་འཇོག་ཀུང་སིའི་ལས་བཟོས་ཤིང་འཛུགས་བཞིན་པ།

    369925_yis_1618502400000_s.jpg

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་མང་ཚོགས་ཚོས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བཞིན་པ།

    369917_yis_1618502400000_s.jpg

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་མང་ཚོགས་ཚོས་ཡར་ཀླུང་གཙང་པོའི་བྱང་ངོས་སུ་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བཞིན་པ།

    369915_yis_1618502400000_s.jpg

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ལས་བྱེད་མང་ཚོགས་ཚོས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བཞིན་པ།

    369921_yis_1618502400000_s.jpg

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གནམ་གྲོང་ཚོའི་གྲོང་མིས་ཁང་པའི་རྒྱབ་མདུན་དུ་སྡོང་ཕྲུག་འཛུགས་བཞིན་པ།

    369913_yis_1618502400000_s.jpg

    ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོས་ཡར་ཀླུང་གཙང་པོའི་རོང་གཞུང་དུ་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བཞིན་པ།

    ལྗང་མདོག་ནི་རང་བྱུང་ཁམས་ཆེ་མོའི་ཚོན་མདངས་གཙོ་བོ་ཡིན་ལ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱིས་སྐྱེ་དངོས་ཐམས་ཅད་གསོ་སྐྱོང་བྱེད་པ་དང་། ལྗང་མདོག་ནི་དཔལ་འབར་བའི་ཚེ་སྲོག་གི་ཚོན་མདོག་ཡིན་ཞིང་། དེར་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་ལ་རེ་བའི་གསོན་ཤུགས་ཀྱིས་ཁེངས།

    ལྗང་མདོག་ནི་རང་བྱུང་ཁམས་ཆེ་མོས་ང་ཚོ་མིའི་རིགས་ལ་བསྩལ་བའི་རྩ་ཆེའི་རྒྱུ་ནོར་ཞིག་རེད། འབུ་སྲིན་འགུལ་བ་དང་། རྩི་ཤིང་མྱུ་གུ་འབུས་ནས་སྔོན་པོར་གྱུར་པས་སླར་ཡང་ལོ་གཅིག་དུས་གཅིག་གི་ཤིང་འཛུགས་དུས་ཆེན་ལ་སླེབས།

    འདི་ལོ་ནི་དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་ཧུར་ཐག་དང་སྤྲོ་སེམས་འཁོལ་པོས་ཤིང་འཛུགས་བྱེད་སྒོར་ཞུགས།

    ལྗོན་ཤིང་བཙུཌ་ནས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྟོབས་ཤུགས་འབུལ་བ་དང་། ལྗོན་ཤིང་བཙུགས་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལ་ཚོན་མདོག་བསྣན་པ། ལྗོན་ཤིང་བཙུགས་ནས་ཕ་ཚ་བུ་རྒྱུད་ལ་སྔོ་ལྗང་ལྡན་པའི་བསིལ་གྲིབ་སྦྱིན།

    ལྗོན་ཤིང་བཙུགས་ནས་ལྗང་མདོག་མངོན་པར་བྱེད་པ་དང་། མེ་ཏོག་པད་མ་བཏབ་ནས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་བསྐྲུན་པ། ལྷག་བསམ་རྣམ་དག་དང་བརྩེ་སེམས་ཀྱི་ས་བོན་འདེབས་པ། སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ཚེ་འཛམ་གླིང་ལ་གཞི་ནས་གསོན་ཤུགས་ལྡན་ཐུབ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།