དབུ་ཤོག>ཆེད་སྒྲིག
  • རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་ཕྱོགས་ལྔའི་ཐད་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-16

    ཚེས་6ཉིན། ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཝང་ཀྲེང་ཕུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྗེས་འཕྲད་པའི་གནད་དོན་ཐོག་མ་ནི་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པ་འདི་ཡིན་པས་ཕྱོགས་5ཡི་ཐད་ནས་བྱེད་ཐབས་སྤྱད་དེ་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་དགོས་པ་དེ་ཡིན་ཞེས་བརྗོད་ཡོད།

    གཅིག་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་དགོས། གཙོ་བོ་ཡོང་འབབ་ཀྱི་གནས་ཚུལ་དང་། “འགན་ལེན་གསུམ”གྱི་གནས་ཚུལ། འཐུང་ཆུའི་བདེ་འཇགས་ཀྱི་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།

    གཉིས་ནས་སྲིད་ཇུས་ཀྱི་རྒྱུན་མཐུད་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གིས་དབུལ་སྒྲོལ་རྫོང་དུ་ལོ་ལྔ་ཡི་བར་བརྒལ་དུས་ཡུན་གཏན་འཁེལ་བྱས་ཏེ་ལོ་ལྔ་ཡི་རིང་སྲིད་ཇུས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་སྦྲགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བར་རོགས་རམ་བྱེད་དགོས།

    གསུམ་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་དམིགས་སའི་རང་བཞིན་གྱི་སྒོ་ནས་ཐོན་ལས་རོགས་སྐྱོར་དང་། ལས་ཞུགས་རོགས་སྐྱོར། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་འདེགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    བཞི་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཉམས་མྱོང་གལ་ཆེ་ཤོས་ཤིག་ནི་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཅིག་སྡུད་འགག་སྒྲོལ་བྱེད་པ།

    ལྔ་ནས་ལས་ཀའི་འགན་འཁྲི་མུ་མཐུད་ནན་དུ་གཏོང་དགོས། བར་བརྒལ་དུས་ཡུན་རིང་རིམ་ལྔའི་ཧྲུའུ་ཅིས་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།