ཉེ་དུས་ཆབ་མདོ་གྲོང་ཁྱེར་གྱིས་སྐུལ་སློང་གསོ་སྦྱོང་ཚོགས་འདུ་འཚོགས་ནས། གྲོང་གསེབ་དར་རྒྱས་ཀྱི་བརྟག་ཞིབ་ཆེན་པོའི་བྱེད་སྒོ་སྤེལ་བ་དེའི་དམིགས་ཡུལ་ནི“བརྟག་དཔྱད་དང་། ལྟ་བ། ཉན་པ། འདྲི་རྩད། འཚམས་འདྲི”སོགས་བྱེད་སྟངས་བརྒྱུད་གཞི་རྩ་མཐིལ་རྟོགས་བྱས་ཏེ། སྤུས་ཚད་མཐོ་བ་དང་། ནུས་པ་ཆེ་བ། དམིགས་སའི་རང་བཞིན་ཆེ་བ་བཅས་ཀྱི་བརྟག་ཞིབ་སྙན་ཞུ་ཞིག་ཆགས་པར་བྱས་ནས། སླད་ཕྱིན་གྲོང་ཁྱེར་ཡོངས་ཀྱིས་གྲོང་གསེབ་དར་རྒྱས་ཐད་སྲིད་ཇུས་དང་བྱེད་ཐབས་འདོན་རྒྱུར་གཞི་འཛིན་སའི་དཔྱད་གཞི་མཁོ་འདོན་བྱ་ཆེད་རེད།
ད་ཐེངས་ཀྱི་བརྟག་ཞིབ་བྱེད་སྒོའི་ནང“དམིཌ་པ་ལྔ་དང་མཐིལ་རྟོགས་ལྔ”ལ་དམ་པོར་དམིགས་པ་སྟེ། ཐོན་ལས་དར་རྒྱས་ལ་དམིགས་ནས་གྲོང་ཚོ་གྲོང་ལྷན་གྱི་ཐོན་ལས་ཀྱི་ད་ཡོད་གནས་ཚུལ་མཐིལ་རྟོགས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པར་དམིགས་ནས་གྲོང་ཚོ་གྲོང་ལྷན་གྱི་སྐྱེ་ཁམས་ཀྱི་ད་ཡོད་གནས་ཚུལ་མཐིལ་རྟོགས། ཡུལ་སྲོལ་ཤེས་དཔལ་ལ་དམིགས་ནས་གྲོང་ཚོ་གྲོང་ལྷན་གྱི་རིག་གནས་ཀྱི་ད་ཡོད་གནས་ཚུལ་མཐིལ་རྟོགས། བཅོས་སྐྱོང་ནུས་ལྡན་ལ་དམིགས་ནས་གྲོང་ཚོ་གྲོང་ལྷན་གྱི་རང་སྐྱོང་གི་ད་ཡོད་གནས་ཚུལ་མཐིལ་རྟོགས། འཚོ་བ་འབྱོར་ཕྱུག་ལ་དམིགས་ནས་གཞི་རིམ་གྱི་རྨང་གཞིའི་ད་ཡོད་གནས་ཚུལ་མཐིལ་རྟོགས་བྱེད་པ་བཅས་རེད། གྲོང་ཚོའི་གཞི་ཁྱོན་དང་ས་ཁམས་ཀྱི་གནས་བབ་སོགས་ཀྱི་གནས་ཚུལ་གཞིར་བཟུང་། “གཅིག་གིས་གཅིག་འགན་གཙང་ལེན་པ”དང“གཅིག་གིས་མང་པོ་འགན་གཙང་ལེན་པའི”བྱེད་སྟངས་སྤྱད་དེ། གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་དང་བཞུགས་མོལ་དང་། མང་ཚོགས་ལ་འཚམས་འདྲི། ས་གནས་ས་ཐོག་ཏུ་ལྟ་ཞིབ། དཔྱད་གཞིའི་ཡིག་ཆ་ལྟ་ཀློག་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྟག་ཞིབ་བྱེད་ཁོངས་སུ་རྫོང(ཆུས)11གི་ཤང་དང་གྲོང་རྡལ་131དང་གྲོང་ཚོ་གྲོང་ལྷན་1132ཚུད་ཡོད། བརྟག་ཞིབ་ཚོགས་ཆུང་ཁག་གིས་བརྟག་ཞིབ་ལས་དོན་སྤེལ་བ་དང་སྦྲགས་ལོ་འཁོར་འདིའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་རང་བཞིན་གྱི་སློབ་གསོ་ལག་ལེན་བྱེད་སྒོ་མཉམ་དུ་སྤེལ་ནས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་གཙོ་རྐང་དེར་དམིགས་པ་དང་། “ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”མང་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། མང་ཚོགས་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།