དབུ་ཤོག>ཆེད་སྒྲིག
  • གསར་བརྗེའི་གཏམ་རྒྱུད་ཉམས་ལེན་བྱེད་བཞིན་ཐོག་མའི་བསམ་འདུན་ལ་ཞུན་བརྡར་སྤྲོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-14

    1959ལོར་བོད་ས་གནས་སྲིད་གཞུང་ནང་གི་གོང་རིམ་ངོ་ལོག་པས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས། བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་བདེ་འཇགས་ཡོང་བའི་ཆེད་དུ་གཞུང་ལས་ཁང་དགེ་འཕེལ་དབུ་རྩེའི་ལ་གཤམ་དུ་སྤོས་ནས་གནས་སྐབས་གཞུང་ལས་སྒྲུབ་ཡུལ་བྱས་ཏེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བར་བཀོད་འདོམས་བྱས།

    དེ་རྗེས། དེ་གར་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་དང་དམག་དཔོན་ཐོག་ཁང་དང་དེ་བཞིན“ཉ་ལྕིབས”ཚོགས་ཁང་བཅས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་རིམ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཞུང་ལས་སྒྲུབ་ཡུལ་ཆགས། མཐར་དེ་གར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་ཏང་གི་སློབ་གྲྭ་ཆགས་ཏེ་དགེ་སློབ་ཚོར་ཟིལ་རླབས་དགུང་དུ་འཕྱུར་བའི་གཏམ་རྒྱུད་ཤོད་ཀྱི་ཡོད།

    1951ལོའི་ཟླ་6ཚེས་13ཉིན། ལོ་ལྔ་བཅུ་ཙམ་ལ་སླེབས་པའི་དམག་དཔོན་ཞིག་གིས་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྱི་འགན་འཁུར་ཏེ“འཛམ་གླིང་ཡང་རྩེར”སྐྱོད་པའི་ལམ་བུར་ཞུགས། ཁོང་ནི་ཀྲང་ཅིང་ཝུའུ་རེད།

    1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་བར། ཀྲང་ཅིང་ཝུའུ་ཡིས་བོད་ལ་ལོ་15ཕྱག་ལས་གནང་ཡོད། ལོ་15ཡི་རིང་། བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་དང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཅིག་ལྕོགས་ཀྲང་ཅིང་ཝུའུ་ཡིས་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་མཛུབ་སྟོན་ལག་ལེན་བསྟར་ཞིང་། བོད་ཀྱི་མི་དམངས་ཀྱི་སྣེ་འཁྲིད་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་དུ་བཏང་བས་བོད་ལྗོངས་འདི་ཉིད་ཐད་ཀར་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་སླེབས་པ་རེད།

    ཞོགས་པར། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་ཏང་གི་སློབ་གྲྭའི་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་དུ་སྐྱོད་སྐབས་ཐོག་ཁང་ནང་ཁུ་སིམ་མེར་གནས་ཤིང་། རང་ཉིད་ཀྱི་གོམ་སྒྲ་དང་ལོ་རྒྱུས་ཉམས་ལེན་བྱེད་པའི་སྙིང་གི་རྡིག་སྒྲ་ནི་དེ་བས་གསལ་བར་གྱུར། སྐབས་དེ་དུས་ཐོག་ཁང་འདིའི་ནང་གི་གསོན་ཉམས་ལྡན་པའི་སྣང་བརྙན་བསམ་བཞིན་བསམ་བཞིན་ཀྲང་ཅིང་ཝུའུ་དང་། ཀྲང་གོ་ཧྭ། ཐན་ཀོན་སན། མེའོ་ཕི་དབྱི། ཀྲོའུ་རེན་ཧྲན། ཝང་ཆི་མེ། ཀུའོ་ཤིས་ལན་སོཌ་གསར་བརྗེ་དང་རྒན་རབས་ཚོའི་བྲེལ་བརྩོན་ཆེ་བའི་གཟུགས་བརྙན་མིག་མདུན་དུ་ལྷང་ངེར་འཆར་བ་དང་། ཚོགས་འདུ་འཚོགས་སྐབས་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་པའི་སྐད་སྒྲ་རྣ་བར་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར།  བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་དང་། དམག་དཔོན་ཐོག་ཁང“ཉ་ལྕིབས”ཚོགས་ཁང་། དེ་བཞིན་མེའོ་ཕི་དབྱི་དང་། ཀྲོའུ་རེན་ཧྲན། ཝང་ཆི་མའེ། ཀོའོ་ཤིས་ལན་སོགས་གསར་བརྗེའི་རྒན་རབས་པ་ཚོའི་བཞུགས་གནས་རྙིང་པར་ག་ལེར་སྐྱོད་སྐབས་ཁོང་རྣམ་པས་བོད་མི་དམངས་ཀྱི་རང་དབང་བདེ་སྐྱིད་དང་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་ཆེད་དུ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་དེ་དག་བློ་རྩེ་གཅིག་བསྒྲིམས་ཀྱིས་ཉམས་ལེན་ཐུབ་ལ་ལོ་རྒྱུས་དང་ལོ་ཟླས་གསར་བརྗེའི་རྗེས་ཤུལ་འདི་དག་ལ་བརྗིད་ཆགས་པའི་ཚོར་སྣང་ཞིག་སྟེར་ཡོད།

    ཏང་གི་སློབ་གྲྭར་འགྱིང་ངེར་གནས་པའི་གསར་བརྗེའི་རིག་གནས་རྗེས་ཤུལ་ཁང་པའི་ཁྱུ་ཚོགས་འདི་དག་གི་ཐོག་ཁང་རེ་རེ་དང་། ཐོག་སོ་རེ་རེ། ཁང་མིག་རེ་རེ་བཅས་ཚང་མར་བྲིས་མི་ཚར་ལ་བརྗོད་མི་ཚར་བའི་གཏམ་རྒྱུད་ཡོད་ཅིང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་པུའུ་ཡི་འཆད་ཁྲིད་དགེ་རྒན་ཝུའུ་པོ་ཡིས་ཁང་པའི་ཁྱུ་ཚོགས་དེ་དག་གང་འདྲ་བྱུང་མིན་སྐོར་གསལ་བཤད་བརྒྱབ།

    1962ལོར་རང་སྐྱོང་ལྗོངས་དབུ་བརྙེས་པར་གྲ་སྒྲིག་བྱ་ཆེད། དམག་དཔོན་ཀྲང་ཅིང་ཝུའུ་ཡིས་པེ་ཅིང་དུ་ཀྲུང་དབྱང་ལ་ལས་དོན་སྙན་སེང་ཞུ་བར་བསྐྱོད་དེ་རྣམ་གྲངས་ཁག་གཅིག་སྐྲུན་རྩིས་ཡོད་པའི་སྐོར་གླེང་བའི་གྲས་སུ་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་ཚུད་ཡོད། 1964ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཆེད་དངུལ་བཏང་ནས་བསྐྲུན་པ་དང་1965ལོར་བསྐྲུན་ཟིན། བསྐྲུན་རྗེས་སྐུ་ཚབ་ཐོག་ཁང་གི་རྒྱ་ཁྱོན་མུའུ་300ཡོད་ཅིང་། ཕྱིས་སུ་དེ་གར་དེ་སྔའི་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་གཞུང་ལས་བསྒྲུབ་ཡུལ་གལ་ཆེན་ཞིག་ལ་གྱུར་ཡོད།

    བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་ནས་དོན་རྗེས་སུའུ་ལན་ལུགས་ཀྱི་ཁང་པ་ཞིག་མིག་མདུན་དུ་འཆར་བ་དེ་ནི་དེ་སྔའི་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ཚོགས་ཁང་རེད། དེའི་རིང་ཚད་ལ་སྨི་25.15དང་། ཞེང་ཚད་ལ་སྨི་27.9རྒྱ་ཁྱོན་ལ་སྨི་ངོས་གྲུ་701བཅས་ཡོད་ཅིང་། ཁང་པའི་ནང་ངོས་ཡངས་ཤིང་དཀར་ཆ་དོད་ལ། ལས་དོན་ཨུ་ལྷན་གྱི་བྱེད་སྒོ་དང་ཚོགས་འདུ་གལ་ཆེན་ཚང་མ་དེ་གར་སྤེལ་གྱི་ཡོད་པ་རེད། ཚོགས་ཁང་གི་ཤར་ངོས་སུ་བཞུགས་གནས་བཞི་ཡོད་པ་ཚང་མར་སྒོ་ར་ཆུང་ངུ་རང་འགྲིག་རེ་ཡོད་པ་དེ་དག་སོ་ཕག་ལས་གྲུབ་པ་དང་རིང་ཐུང་མི་མཉམ་ནའང་ཧ་ཅང་གྲལ་འགྲིག་ཅིང་ལྗོན་ཤིང་དང་རྩྭ་རྩི་ཤིང་གིས་བརྒྱན་པ་ལྟར་གནས་འདུག 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།