ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཨང་དང་པོར་བརྩིས་ཏེ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་སྣང་ཆེན་དང་གང་ས་གང་དུ་སློབ་ཁྲིད་བྱེད་པའི་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ནས་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་དང་གཏོང་བཞིན་ཡོད།
“ལས་ཁུངས་སློབ་ཁང”དུ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིས་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་སྒྲིག་འཛུགས་བྱས་ནས་ཁྲིད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གཉིས་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བའི་འགན་ལེན་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཡོད།
“དངོས་ལྗོངས་སློབ་ཁང”དུ་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་ཤེས་རྟོགས་གཏིང་ཟབ་བྱས་ཤིང་། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ལས་ཁུངས་ཀྱི་ཏང་སྤྱི་ཁྱབ་ཀྲི་པུས《རླབས་ཆེན་གྱི་འགོ་ཚུགས》ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུལ་སྐོར་གྱི་ལོ་རྒྱུས་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཏེ། གསར་བརྗེའི་སྙིང་སྟོབས་ཀྱི་ཞུན་བརྡར་ཐེབས་པར་བྱས་པ་རེད། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གི་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་དང《དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་དཔུང་ཁག་ལྷག་བསམ་རྣམ་དག་དང་། དྭངས་གཙང་། བློས་འགེལ་ཆོག་པ་བཅས་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས》ཞེས་པའི་ཆེད་དོན་ཏང་གི་སློབ་ཚན་འཆད་ཁྲིད་བྱས་པ་མ་ཟད། ད་དུང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དང་དག་ཐེར་དང་ཟུང་འབྲེལ་གྱིས་རང་རང་སོ་སོའི་བསམ་ཚུལ་དང་མྱོང་ཚོར་ཡང་ལྷུག་པོར་གླེང་ཡོད།
“གྲོང་གསེབ་སློབ་ཁང”དུ་ཏང་གི་གནས་ཚུལ་དང་ཏང་གི་བཀའ་དྲིན་མཉམ་འདྲེས་སློབ་སྦྱོང་བྱས་ཤིང་། ཞིང་འབྲོག་པ་ཏང་ཡོན་གྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཚོ(གྲོང་ལྷན)གྱི་འཐབ་ས་དང་པོ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཏང་གི་ལོ་རྒྱུས་སློབ་གསོ་སྤེལ་བ་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་གོ་བདེ་ཤེས་སླའི་རྣམ་པའི་ཐོག་ནས་ཞིང་འབྲོག་པ་ཏང་ཡོན་ལ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གསལ་འགྲེལ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་ལ་དད་མོས་བྱེད་སེམས་སྔར་བས་བརྟན་དུ་བཏང་ཡོད།
“མཐའ་མཚམས་སློབ་ཁང”དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྨན་གླིང་རྫོང་གིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མི་སྣ་སྒྲིག་འཛུགས་བྱས་ཏེ“གསར་བརྗེའི་འབྲོག་ཁྱིམ་ཆུང་ངུ”ཞེས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་ནས་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱིས་མཐའ་མཚམས་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་ཉན་པ་དང་ཤེས་རྟོགས་བྱས་པ་བརྒྱུད། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྔར་ལས་ལྷག་པའི་སྒོ་ནས་ཐོག་མའི་བསམ་འདུན་བསྲུང་རྒྱུ་དང་འགན་འཁྲི་ཕྲག་ཏུ་འཁུར་རྒྱུར་ལྕག་སྐུལ་ཐེབས་ཡོད།
“མཛུབ་རྩེའི་སློབ་ཁང”དུ་ཏང་གི་ལོ་རྒྱུས་ཤེས་བྱ་དུས་ཐོག་ཏུ་སློབ་སྦྱོང་བྱས་ཤིང་། སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ་དང་སྐད་འཕྲིན་སྤྱི་རྟགས་སོགས་བརྒྱུད། ཏང་གི་ལོ་རྒྱུས་ཤེས་བྱ་བརྒྱུད་སྤེལ་དང་བརྒྱུད་བསྐུར་བྱས་པ་དང་། ཆེད་དོན་ཏང་གི་སློབ་ཚན་གྱི་བརྙན་ལམ་སྒྲིག་བཟོ་བྱས་ནས་ཏང་ཡོན་ལས་བྱེད་པ་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཡོངས་བསྒྲགས་སུ་བསྟན་པ། མཛུབ་རྩེའི་སློབ་སྦྱོང་ལ་བརྟེན་ནས་གསར་བརྗེའི་རིག་གནས་བརྒྱུད་བསྒྲགས་བྱས་ཡོད། གྲོང་ཨུད་དྲིལ་བསྒྲགས་པུས་ཏང་ཡོན་ལས་བྱེད་པར“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཅེས་པའི་སློབ་སྦྱོང་ལས་སྟེགས་ཡག་པོ་སྤྱད་དེ《ཏང་གི་ལོ་བརྒྱའི་ལོ་རྒྱུས། ཉིན་ལྟར་ལྟ་ཀློག་བྱེད་པ》སོགས་ཀྱི་ལེ་ཚན་ལ་བལྟས་ནས་སྒེར་གྱི་རང་སྦྱོང་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།