དབུ་ཤོག>ཆེད་སྒྲིག
  • ཚེ་སྲོག་གི་བསྟོད་གླུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཧུང་པིང་དང་། ཀྲང་ཅིང་ཕིང་། ཐེན་ཅིན་ཝུན།   |     སྤེལ་དུས།  2021-04-13

    ས་བབ་མཐོ་ཚད་སྨི་5231ཡོད་པའི་གདང་ལའི་ལ་རྩེ་ནི་མཚོ་བོད་གཞུང་ལམ་ཐོག་གི་ས་ཆ་མཐོ་ཤོས་དེ་རེད།

    ཁ་བས་ཡོངས་སུ་བཀླུབས་པ་དང་ཚེ་སྲོག་གི་མཐར་གཏུག་གི་གནས་ཞེས་པ་ནི་ས་ཆ་དེས་མིའི་རིགས་ལ་བཞག་པའི་བག་ཆགས་ཤིག་རེད།

    བུ་ཡུག་ཇི་ལྟར་འཚུབ་པ་དང་ཁོར་ཡུག་ཇི་ལྟར་དཀའ་ཚེགས་ཆེ་ཡང་། བོད་ཀྱི“སྲོག་རྩར”འབོད་པའི་མཚོ་བོད་གཞུང་ལམ་གྱི་ལམ་དུམ་དེར་ལོ་འཁོར་མོར་རླངས་འཁོར་ཤར་བགྲོད་ཐུབ་ཀྱི་ཡོད། “གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”ཞེས་འབོད་པའི་རྒྱལ་ལམ་109ཡི་ལམ་སྐྱོང་ས་ཚིགས་དེ་ཉིད་མཚོ་བོད་གཞུང་ལམ་ལས་བྱུང་བ་དང་མཚོ་བོད་གཞུང་ལམ་དང་མཉམ་དུ་འཚོ་བཞིན་ཡོད།

    ལོ་60ལྷག་ཙམ་རིང་ལམ་སྐྱོང་ས་ཚིགས་ཀྱི་བཟོ་པ་མི་རབས་འགས་གནམ་གྱི་མཐར་མུ་མཐུད་བཅའ་སྲུང་བྱས་ཏེ། རང་སྲོག་བློས་གཏོང་གིས་མཁའ་ལམ་སྲུང་སྐྱོང་དང་ལམ་འགྲུལ་ལ་རོགས་རམ་གང་ཐུབ་བྱས་ནས་མཚོ་བོད་གཞུང་ལམ་གྱི་ཆེས་མཐོ་སར་འགན་འཁྲི་དང་ལེགས་སྐྱེས་དོན་དུ་གཉེར་བའི་ཚེ་སྲོག་གི་བསྟོད་གླུ་ལེན་བཞིན་མཆིས།

    བརྟན་སྲུང་། “འགྲོ་ལམ་ཉིན་གཅིག་འགག་ཀྱང་འགྲིག་ཐབས་མེད”

    མཚན་གང་ཁ་བ་ལྷབ་ལྷུབ་ཏུ་བབས་པ་ལས་གདང་ལ་དེ་ཉིད་གོས་དཀར་བཀླུབས་པའི་གངས་ཀླུང་དུ་གྱུར་ཞིང་། པ་བུ་དང་ལས་རོགས་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་གདང་ལར་ལམ་གཤོང་བར་བསྐྱོད། 

    ད་ལོ་ལོ་52ལ་སླེབས་པའི་པ་བུ་རྒྱལ་ལམ་109ཡི་ལམ་སྐྱོང་ས་ཚིགས་སུ་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་ཞིང་། ཁོང་ལ“དགོང་མོ་ཉལ་ཁར་རླངས་འཁོར་གྱི་སྒྲ་མ་ཐོས་ན་གཉིད་མི་ཁུག་པའི”གོམས་གཤིས་དམིགས་བསལ་ཞིག་འཇགས།

    “ང་ནི་ལམ་སྐྱོང་ས་ཚིགས་སུ་འཚར་ལོངས་བྱུང་བ་ཞིག་ཡིན། གདང་ལར་རླངས་འཁོར་འགག་ནས་སྐྱོད་ཐབས་བྲལ་བའི་གནས་ཚུལ་ཐེངས་མང་འཕྲད་པ་མཐོང་མྱོང་ཡོད། ལམ་འགག་སྐབས་ཁ་ལོ་བ་ཚོ་གནས་བཟོད་མི་བདེ་བར་གྱུར་ལ་ང་ཚོ་ལམ་སྐྱོང་བཟོ་པ་ཚོར་ཡང་སེམས་ཁྲལ་ཆེན་པོ་ཡོང་གི་འདུག ལམ་ཤར་གཏོང་ཐུབ་ནས་རླངས་འཁོར་ལྡིར་སྒྲ་དང་བཅས་ཏེ་སྐྱོད་སྐབས། ཁ་ལོ་བ་ཚོས་དགའ་ཚོར་ཆེན་པོས་འཛུམ་དམུལ་དམུལ་བྱེད་པ་དང་ང་ཚོ་ལམ་སྐྱོང་བཟོ་པ་ཚོའང་ཤིན་ཏུ་དགའ་པོ་འདུག ང་རང་ལས་ཀར་ཞུགས་མ་ཐག་པའི་ལོ་དེའི་དགུན་ཁར། གདང་ལའི་རྒྱུད་དུ་ཉིན་ལྟར་གངས་བབས་པ་དང་ཉིན་ལྟར་རླངས་འཁོར་འགག་པས་ང་དང་ལས་གྲོགས་ཚོ་དགུན་ཁ་ཧྲིལ་པོ་ཁ་བས་བཀླུབས་པའི་རི་ཀླུང་དུ་འགྲོ་ལམ་ཤར་བགྲོད་ལས་ལ་བྲེལ་དགོས་བྱུང”ཞེས་པ་བུ་ཡིས་བཤད།

    ཕྱིས་སུ་མཚན་དགུང་ཁ་བ་བབས་ཚེ་པ་བུས་མཚན་གང་གཉིད་མ་ཉལ་བར། གཞུང་ལམ་ཐོག་རླངས་འཁོར་འགག་མིན་ལྟ་བར་ཡང་ཡང་འགྲོ་ཡི་ཡོད།

    ཁོང་གིས“འགྲོ་ལམ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་འཕར་རྩ་ལྟ་བུ་ཡིན་པས་ཉིན་གཅིག་ཆད་ཀྱང་འགྲིག་ཐབས་མེད”ཅེས་བཤད།

    ལམ་སྐྱོང་བཟོ་པ་28ཡོད་པའི་ལམ་སྐྱོང་ས་ཚིགས་དེས་གཞུང་ལམ་སྤྱི་ལེ་40ལོ་གཅིག་དུས་བཞིར་སྲུང་ཞིང་། “ལམ་སྐྱོང་ལས་ཀ་ཡིན། ལམ་སྐྱོང་ཁྱིམ་ལ་བརྩི། ལུས་པོ་ལམ་དུ་ཡོད། ལམ་བུ་སེམས་ལ་འཇོག”ཅེས་པ་ནི་ཁོང་ཚོའི་འབོད་ཚིག་རེད།

    ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8ཟིན་པ་དང་། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་པ། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་ཕྱེད་ཀ་ཡང་མི་ཟིན་པ། ལོ་གཅིག་ནང་ཉིན་120ལ་ལྷག་པ་ཆེན་པོ་རིམ་པ་8ཡན་རྒྱག་པ་བཅས་ནི་ལམ་སྐྱོང་བཟོ་པའི་ལས་ཀའི་ཁོར་ཡུག་རེད།

    ཡུལ་སྐོར་འགྲུལ་བཞུད་པ་ཞིག་གིས་དྲན་འཆར་ནང་འདི་ལྟར་བཀོད་ཡོད་དེ། ས་བབ་མཐོ་ཚད་སྨི་5300རུ་འཚོ་བ་སྐྱེལ་ཐུབ་མཁན་ནི་མི་དཔའ་བློ་ཁོག་ལྡན་པ་ཞིག་དང་། ལོ་བཅུ་གྲངས་ཁ་ཤས་ས་བབ་མཐོ་ཚད་སྨི་5300རུ་ལས་གནས་བརྟན་སྲུང་བྱེད་ཐུབ་མཁན་ནི་དཔའ་བོ་རང་རེད།

    1990ལོར་འགྲིམ་འགྲུལ་པུའུ་ཡིས་ལམ་སྐྱོང་ས་ཚིགས་109ལ“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”ཞེས་དངོས་སུ་མིང་བཏགས།

    “‘གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ’ཞེས་པ་ནི་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་མོད། འོན་ཀྱང་ལམ་སྐྱོང་ས་ཚིགས་109རུ་ཡོད་པའི་མི་དག་ནི་ཆེས་སྤྱིར་བཏང་གི་ལམ་སྐྱོང་བཟོ་པ་ཤ་སྟག་ཡིན”ཞེས་བདེ་སྐལ་གྱིས་བཤད།

    རྒྱུན་འཛིན། “ལམ་སྐྱོང་བཟོ་པ་ཞིག་ཡིན་ཚེ་ངེས་པར་ལམ་དུ་ཡོད་དགོས”

    ལོ་46ལ་སླེབས་པའི་བཀྲ་ཤིས་ཚེ་རིང་ཁྱིམ་གྱི་མི་རབས་གསུམ་གྱིས་ལམ་སྐྱོང་ལས་ལ་གཞོལ།

    ཁོང་གི་རྨོ་བོ་བསྟན་སྒྲོལ་གྱིས་མཚོ་བོད་གཞུང་ལམ་བསྐྲུན་པ་ནས་1982ལོར་རྒན་ཡོལ་མ་ཞུས་པའི་བར་གདང་ལར་ལམ་སྐྱོང་པ་ཞིག་བྱས།

    བཀྲ་ཤིས་ཚེ་རིང་གི་ཕ་བཀྲ་རྣམ་1962ལོར་ལམ་སྐྱོང་བཟོ་པ་ཞིག་ལ་གྱུར་ཞིང་། ལམ་སྐྱོང་ལས་ཀ་བྱེད་ཐེངས་གཅིག་ལ་ལོ་30ལྷག་ཙམ་བྱས་པ་མ་ཟད། ད་དུང་ལམ་སྐྱོང་བཟོ་པའི་མིང་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།

    ཚེ་ལས་མ་འདས་གོང་བཀྲ་རྣམ་གྱིས་པན་ཀྲང་ལོ་10བྱས་པ་དང་། ཆ་སྙོམས་བྱས་ན་ཉིན་ལྟར་ལས་ཀ་ཆུ་ཚོད་14ཡན་བྱས། དེའི་རིང་ལས་དགོངས་ཉིན་5ཁོ་ན་ལས་ཞུ་མྱོང་མེད། མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་ཁོར་ཡུག་ནང་ཡུན་རིང་ངལ་རྩོལ་བྱས་པའི་དབང་གིས། བཀྲ་རྣམ་ལ་གློ་ཡུའི་གཉན་ཚད་སོགས་ནད་གཞི་མི་ཉུང་བ་ཞིག་ཕོག་ཅིང་། ལས་གནས་ཐོག་ཐེངས་བཅུ་གྲངས་དྲན་མེད་དུ་འགྱེལ་རུང་སྨན་ཁང་དུ་ཉིན་3རང་ལས་སྡོད་མྱོང་མེད།

    “ལམ་བུ་མ་མཐོང་ན་སེམས་ཁྲལ་གང་ལས་ཆེ་བ་འདུག”ནད་འཁྲིའི་ཐོག་ལུས་པའི་བཀྲ་རྣམ་གྱི་ལུས་པོ་སྨན་ཁང་དུ་ཡོད་ཀྱང་སེམས་པ་སྔར་བཞིན་ལམ་ལ་ཆགས།

    1996ལོའི་ཟླ་8ཚེས་4ཉིན་བཀྲ་རྣམ་གྱིས་རླངས་འཁོར་བཏང་སྟེ་གདང་ལའི་ལས་བཟོའི་ཁུལ་ལ་ཕྱིར་ལོག་བྱེད་པའི་ལམ་བར་དུ། སྟབས་མ་ལེགས་པར་ནད་ཀྱིས་མནར་ནས་གྲོངས་པ་དང་གྲོངས་དུས་ལོ་50ཟིན་ཙམ་རེད། གཤགས་དཔྱད་བྱས་པ་བརྒྱུད་ཁོང་ལ“རྣག་གསོག་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད”ཕོག་པ་རྩད་ཆོད། དེ་གར་ཡོད་པའི་སྨན་པས“ནད་གཞི་ཚབས་ཆེན་པོ་དེ་འདྲ་ཕོག་ཀྱང་ད་དུང་ལས་ཀ་མཐའ་འཁྱོངས་བྱེད་ཐུབ་པ་ནི་དངོས་འབྲེལ་དཔེ་མི་སྲིད་པ་ཞིག་རེད”ཅེས་བཤད།

    བཀྲ་རྣམ་གྱིས་སྤྱིར་བཏང་གི་ལམ་སྐྱོང་མི་ཚེའི་རིང“དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུའི”ཏང་ཞུགས་དམ་བཅའ་བསྲུངས་པ་ལས“མཚོ་བོད་གཞུང་ལམ་གྱི་བླ་སྲོག”ཅེས་པའི་མཚན་སྙན་ཐོབ།

    “ལམ་སྐྱོང་བཟོ་པ་ཞིག་ཡིན་པས་ངེས་པར་ལམ་དུ་ཡོད་དགོས”ཞེས་པ་ནི་བཀྲ་རྣམ་ཚེ་ལས་མ་འདས་གོང་རྟག་ཏུ་བཀྲ་ཤིས་ཚེ་རིང་ལ་ཤོད་པའི་སྐད་ཆ་ཞིག་རེད།

    ལམ་སྐྱོང་ས་ཚིགས་སུ་ལས་ཀ་ལོ་20ལྷག་ཙམ་བྱས་པའི་བཀྲ་ཤིས་ཚེ་རིང་2010ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ཆ་ཁོང་གིས་དེ་སྔོན་རང་གི་ཕས་བཤད་པའི་སྐད་ཆར་མྱོང་ཚོར་དེ་བས་ཟབ་མོ་བྱུང་།

    དུས་ཚོད་རིམ་གྱིས་འདས་པ་དང་ཆབས་ཅིག ལམ་སྐྱོང་བཟོ་པའི་ལམ་སྐྱོང་ཆ་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་ཞིང་། སྔོན་མའི་འཇོར་དང་། སྦྱག་མ། རྐོ་མ། ས་རྡོ་དབོར་བའི་སླེ་པོ་རྣམས་ད་ཆ་བརྐོ་འདྲུ་འཕྲུལ་འཁོར་དང་། ལྡུག་འཁོར། ལྕགས་གཞོང་རླངས་འཁོར་བཅས་སུ་གྱུར་པ་དང་། སྡོད་ས་ཡང་སྔོན་མའི་རས་གུར་ནས་དྲོད་སྲུང་ཆེ་བའི་བཟོ་ཁུལ་ཁང་པར་གྱུར་མོད། འོན་ཀྱང་ལམ་སྲུང་གི་སྙིང་སྟོབས་ལས་དུས་རབས་གསར་པའི་ལམ་སྐྱོང་བཟོ་པར་སྐུལ་ལྕག་གཏོང་བཞིན་ཡོད་ལ། ལམ་སྐྱོང་ས་ཚིགས་ཀྱི་གཏམ་རྒྱུད་ལས་ཀྱང་འགྲུལ་བཞུད་པ་གྲངས་ལས་འདས་པར་སེམས་འགུལ་ཐེབས་བཞིན་མཆིས།

    བརྟན་འཆང་། “ལམ་སྐྱོང་ས་ཚིགས་ཀྱིས་ངའི་ལས་དབང་ལ་འགྱུར་ལྡོག་བཏང་སོང”

    ལམ་སྐྱོང་ས་ཚིགས་109རུ་བཟོ་པ་བྱེད་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། ལོ་92ལ་སླེབས་པའི་ཆུང་མཚོས“ལམ་དེས་བོད་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་ལ། ལམ་སྐྱོང་ས་ཚིགས་ལས་ངའི་ལས་དབང་ལའང་འགྱུར་ལྡོག་བྱུང་སོང”ཞེས་བཤད།

    1929ལོར་སྐྱེས་པ་དང་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ནས་ཡིན་པའི་ཆུང་མཚོའི་ཁྱིམ་ཚང་དེ་སྔ་མི་རྒྱུད་ལ་ཚང་མ་ཞིང་བྲན་རེད།

    “ཞིང་བྲན་བདག་པོའི་ལས་ཀ་བྱས་ཀྱང་བྱས་ཚར་རྒྱུ་མེད། ཟ་རྒྱུ་ཏོག་ཙམ་ཕུད། ཐོབ་ཆ་གང་ཡང་མེད་ལ་ཤོད་ས་ཡང་མེད། དེ་ལྟ་བུའི་དཀའ་སྡུག་ཆེ་བའི་འཚོ་བ་ག་དུས་མཇུག་འགྲིལ་རྒྱུ་ཡིན་ནམ”

    དུས་རབས་20པའི་ལོ་རབས་50པར་བོད་དེ་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་གནས།

    བོད་ལ་བཅིངས་འགྲོལ་གཏོང་རིང་ཛ་དྲག་ཆེ་བའི་འགྲིམ་འགྲུལ་གྱི་དཀའ་གནད་སེལ་ཆེད། བོད་སྐྱོད་དཔུང་སྡེ་དང་། ལམ་བཟོ་བ། བོད་རིགས་ལས་མི། དེ་བཞིན་བཟོ་སྐྲུན་དམག་གི་ལག་རྩལ་པ་བཅས་ཁྲི་11གིས་རི་མཐོ་གཡང་གཟར་དང་མཐོ་གྲང་གི་འཁྱགས་སར་འབད་འཐབ་བྱས་ཏེ“རི་བོ་མགོ་སྒུར་དུ་བཅུག་པ་དང་ཆུ་བོར་ལམ་བུ་གཤོང་དུ་བཅུག”དེའི་རིང་སྔོན་གཤེགས་དཔའ་བོ་3000ལྷག་ཙམ་གྱིས་ལམ་བཟོའི་ལས་གནས་བརྟན་སྲུང་བྱས་ཏེ། ཤ་ཁྲག་གི་ལུས་ལ་བརྟེན་ནས་མིའི་རིགས་ཀྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བྱས་རྗེས་བཏོད།

    1954ལོའི་ཟླ་12ཚེས་25ཉིན་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུ་དུས་གཅིག་ཏུ་རླངས་འཁོར་ཤར་གཏོང་ཐུབ་སྟེ། བོད་དུ་དེང་རབས་ཀྱི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ལ། ལམ་སྐྱོང་ས་ཚིགས་ཀྱང་དུས་གཅིག་ཏུ་བཙུགས།

    “གཞུང་ལམ་ཁྱིམ་གྱི་སྒོ་འགྲམ་བར་བཏིང་བ་དང་ལྗིད་འདེགས་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་སྐབས། དཀའ་སྡུག་ཆེ་བའི་འཚོ་བ་མཇུག་འགྲིལ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུ་ཡིན་པ་ངས་ཤེས་བྱུང”ལོ་ན་མཐོ་རུང་ཆུང་མཚོའི་དྲན་པའི་ཡོལ་བའི་ངོས་སུ་མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་སྐབས་ཀྱི་རྣམ་པ་སྔར་བཞིན་ལྷང་ལྷང་དུ་གསལ།

    རྒན་རྒོན་ཚོས་རེ་སྒུག་བྱེད་པ་ལྟར། ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལས་མེས་རྒྱལ་ནང་ས་དང་གངས་ལྗོངས་ས་མཐོ་དམ་པོར་སྦྲེལ་བ་ལས་བོད་ཀྱི་ཡུན་རིང་བཀག་སྡོམ་གྱི་རྣམ་པར་འགྱུར་ལྡོག་བྱུང་ལ། བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་གྱི་སྣེ་ཁྲིད་པར་གྱུར།

    ཆུང་མཚོས“ང་ཚོ་མི་རབས་དེའི་བོད་རིགས་ལམ་སྐྱོང་བཟོ་པ་ཚང་མ་ཧ་ལམ་ཞིང་བྲན་དབུལ་པོའི་ཁྱིམ་ཚང་དུ་སྐྱེས་པ་ཤ་སྟག་ཡིན། ཏང་གིས་བོད་ལ་ལམ་བུ་བཟོ་རོགས་གནང་བ་དང་། རྒྱ་ཆེའི་ཞིང་བྲན་ལ་ཡར་ལངས་བཅིངས་འགྲོལ་བཏང་བ་མ་ཟད། ད་དུང་ང་ཚོ་ལམ་སྐྱོང་བར་གླ་ཆ་ཡང་གནང་བ་ནི་བཀའ་དྲིན་དཔག་མེད་ཅིག་ལོས་ཡིན། ད་ལྟ་ངར་ཟླ་རེར་རྒན་ཡོལ་གླ་ཆ་སྒོར་9000ལྷག་ཙམ་ལེན་རྒྱུ་ཡོད་པས་འཚོ་བར་སེམས་ཁྲལ་གང་ཡང་མི་འདུག”ཅེས་བཤད།

    “གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པ། དཀའ་སྤྱད་འབད་འཐབ་བྱེད་པ། ལམ་རྡོ་ཞིག་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ་ལྡན་པ”ལམ་སྐྱོང་ས་ཚིགས་109ཡི་གྱང་ལྡེབས་སུ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ཁྲོད་གྲུབ་པའི“ལམ་གཉིས”ཀྱི་སྙིང་སྟོབས་གསལ་པོར་བརྐོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།