དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་སྤྱད་དེ་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-04-12

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་རྣམས་ལོ་རྒྱུས་དྲན་གསོ་བྱེད་རིང་བསམ་པའི་སྟོབས་ཤུགས་བསྡུ་ལེན་དང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་བྱེད་སྟངས་དང་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས། ལྗོངས་སློབ་གསོ་ཐིང་། ལྗོངས་སྲིད་གཞུང་རྒྱལ་ཁབ་གཞུང་རྒྱུ་ཨུ་ལྷན། ལྗོངས་ཆོས་ལུགས་ལས་དོན་ཅུས། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་སོགས་ཚན་པ་དང་སྡེ་ཚན་དབར་མཐུན་སྦྱོར་བྱས་ནས། ཏང་ཡོན་ལས་བྱེད་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས། སློབ་གྲྭའི་དགེ་སློབ། ཞིང་འབྲོག་མང་ཚོགས། དགོན་སྡེའི་གྲྭ་བཙུན་སོགས་ཀྱིས་གཅིག་སྡུད་ཐོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་གཅིག་སྡུད་ལྟ་སྐོར་བྱེད་རྒྱུའི་སྒྲིག་འཛུགས་བྱས་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་ཞུགས་པའི་ཧུར་སེམས་རང་བཞིན་ཆེ་རུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་ཕྱིན་པ་རེད།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་འདི་ཉིད་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་། གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་སློབ་གསོའི་རྟེན་གཞི། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་རྟེན་གཞི་བཅས་ཡིན་པའི་ཆ་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་བརྗོད་དོན་གཙོ་བོ་དང་། བོད་གསར་རྙིང་བསྡུར་རྒྱུ་གཙོ་རྐང་། རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་གཙོ་གནད་བཅས་ལ་བརྩིས་ཏེ་བསྐྱར་དུ་འཆར་འགོད་བྱས་རྗེས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གསར་པ་དེ་འདི་ལོའི་ཟླ་3ཚེས་28ཉིན་སྒོ་ཕྱེ་བ་རེད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་སླད་ཕྱིན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་གཏན་འཇགས་འགྲེམས་ཁང་དུ་བྱས་ནས་སྤྱི་ཚོགས་ལ་ཡུན་རིང་སྒོ་མོ་དབྱེ་རྒྱུ་རེད།

    ཟླ་4ཚེས་1ཉིན་བར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་1.2ལྷག་ཙམ་ཟིན་པ་དང་། སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།