དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-04-10

     

    376052_yis_1617984000000_s.jpg


    འདི་ནི་རྡོ་གྲགས་ཡིན་པ།

    376050_yis_1617984000000_s.jpg

     འདི་ནི་རྡོ་གྲགས(དཀྱིལ)དང་། ཁོང་གི་བུ། མནའ་མ་བཅས་ཡིན་པ།

    ད་ལོ་ལོ་85ལ་སླེབས་པའི་རྡོ་གྲགས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་ཆུ་དབར་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་། བོད་རྙིང་པར་ཁོང་ནི་ཞིང་བྲན་ཞིག་རེད།

    ང་ཚོས་བོགས་མར་བླངས་པའི་ས་ཞིང་མུའུ་3ནས་ལོ་ལྟར་ཞིང་བྲན་བདག་པོར་འབྲུ་ཁལ་6སྤྲོད་པ་ཕུད། ལྷག་མའི་ཁལ་30ཙམ་ལོ་གོང་མར་ཞིང་པ་ཕྱུག་པོའི་ས་ནས་གཡར་བའི་འབྲུ་རིགས་ཀྱི་སྐྱིན་ཚབ་ལ་སྤྲོད་དགོས་པས། མཐར་རང་ཉིད་ལ་འབྲུ་རྡོག་གཅིག་ཀྱང་ལྷག་གི་མེད། དེ་ལྟར་ལོ་ལྟར་འབྲུ་རིགས་གཡར་བ་དང་། ཁྲལ་འཇལ་བ། འབྲུ་རིགས་སྐྱིན་ཚབ་འཇལ་བ་སོགས་བྱེད་དགོས་སྟབས་འཚོ་བ་སྐྱོ་པོ་ཡོད་ཅེས་རྡོ་གྲགས་ཀྱིས་དྲན་གསོ་དང་བཅས་བརྗོད།

    ཆུ་སྐོལ་བར་མེ་ཤིང་ནི་མེད་ཐབས་མེད་པ་ཞིག་རེད། ཡིན་ནའང་གཞིས་ཀའི་ནང་གི་རྩྭ་རྩི་ཤིང་ཚང་མ་ཞིང་བྲན་བདག་པོར་དབང་བས། གལ་ཏེ་ང་ཚོས་མེ་ཤིང་བརྐུས་པ་ཤེས་ཚེ། ཉེས་རྡུང་དྲག་པོ་ཕོག་ངེས་རེད་ཅེས་རྡོ་གྲགས་ཀྱིས་སྐྱོ་གདུང་ཆེན་པོས་བརྗོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རྡོ་གྲགས་ལ་ཞིང་བྲན་བདག་པོའི་མཛོད་ཁང་ནས་གཡག་ཤ་དང་ལུག་ཤ་བགོ་འགྲེམས་རག་པས་དགའ་ཚོར་ཆེན་པོས་ཁྱིམ་དུ་ལོག ངས་དགོང་མོ་དེ་རང་དུ་ཤ་བཙོས་པ་དང་། ཤ་འཚོད་ཤོར་དུ་དགའ་བའི་ཞབས་བྲོ་འཁྲབ་པ་ཡིན་ལ་དགོང་མོ་དེར་ཤ་རྡོག་དང་པོ་བཟའ་སྐབས་མིག་ཆུའང་དབང་མེད་དུ་ཤོར་བྱུང་ཞེས་དྲན་གསོ་དང་བཅས་རྡོ་གྲགས་ཀྱིས་བརྗོད།

    ད་ཆ་རྡོ་གྲགས་ཡངས་ཤིང་རྒྱ་ཆེ་བའི་བོད་བཟོའི་སྡོད་ཁང་ཐོག་བརྩེགས་ཉིས་ལྡན་མར་སྡོད་པ་དང་། ཁྱིམ་གྱི་སྒོ་རའི་ནང་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཕྲུལ་འཁོར་6གྲལ་སྟར་འགྲིག་པོས་བཞག་ཡོད། ཁོང་གི་བུ་གསུམ་ལས་ལ་བརྩོན་ཞིང་། ཕྱིར་གླ་པར་བསྐྱོད་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་བ། ས་ཞིང་འདེབས་པ་བཅས་ལས་ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་རག་པ་དང་། ད་ཆ་ཁོང་གི་ཟས་གོས་ཐད་སེམས་ཁྲལ་མེད་པ་མ་ཟད་ཚེ་མཇུག་བདེ་ཞིང་སྐྱིད་པ་ཞིག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།