དབུ་ཤོག>ཆེད་སྒྲིག
  • “རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱས་ནས་ཡར་ཀླུང་རིག་གནས་ཉམས་སུ་མྱོང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-04-09

    ཉེ་ཆར། ལྷོ་ཁ་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ལས་ཁུངས་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་དེ“རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱས་ནས་ཡར་ཀླུང་རིག་གནས་ཉམས་སུ་མྱོང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རྒྱལ་གཅེས་སྤྲོ་སེམས་སྔར་བས་འཕེལ་བ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་རེད།

    འགྲེལ་བཤད་མཁན་གྱི་ཁྲིད་སྟོན་འོག་ཚང་མས“ལོ་རྒྱུས་བཤམས་སྟོན་ཁང”དང་། “དམངས་སྲོལ་འགྲེམས་སྟོན” “སྲོལ་རྒྱུན་གྱི་སྒྱུ་རྩལ་འགྲེམས་སྟོན”“ཡིག་ཚགས་དང་ཡིག་ཆ་འགྲེམས་སྟོན”སོགས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཁང་ལ་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།