བགྲེས་སོང་ཚེ་འཕེལ་གྱིས་ཁྱིམ་དུ་གྱོན་གོས་ཚད་རྒྱག་བཞིན་པ།
ཚེ་འཕེལ་གྱི་འདྲ་པར་ཡིན་པ།
འདི་ལོ་ལོ་92ལ་སླེབས་པའི་ཚེ་འཕེལ་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སྐྱེས་པའི་ཚེ་འཕེལ་ཆུང་དུས་ནས་ཕ་མ་དང་མཉམ་དུ“སྐད་ཆ་ཤོད་ཤེས་པའི་ལག་ཆ”ལྟ་བུ་སྟེ་ཞིང་བྲན་ལ་གྱུར་ནས་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ལྟོས་གྲོད་པ་རྒྱགས་ཀྱི་མེད། ཕ་མ་གཉིས་གྲོངས་རྗེས་ཁོང་གིས་འཁྱམ་པོའི་འཚོ་བ་སྐྱེལ་འགོ་ཚུགས་ཏེ་ལྷོ་ཁ་ནས་ལྷུན་གྲུབ་རྫོང་དུ་བྲོས་ཡོང་ཡོད། ཁོང་གིས“ཞིང་བྲན་བདག་པོས་བཟུང་ཚེ་མིག་རིལ་འདོན་པ་དང་། རྣ་ལྕོག་བྲེགས་པ། རྐང་ལག་གཅོད་པ་སོགས་ཀྱི་ཁྲིམས་གཅོད་དེ་དག་ད་ལྟ་དྲན་སྐབས་སྐྱི་གཡའ་བ་ཞིག་ཡོད”ཅེས་བཤད།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཚེ་འཕེལ་ཞིང་རའི་བཟོ་པར་གྱུར་ནས་ཚ་ཚ་འུར་འུར་གྱི་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་ཡོད།
ད་ཆ་བགྲེས་སོང་ཚེ་འཕེལ་རྒན་ཡོལ་ཞུས་ཟིན་པ་དང་། ཟླ་རེར་རྒན་གསོའི་གླ་ཕོགས་ལེན་རྒྱུ་ཡོད་ཅིང་། བུ་རབས་ཚ་རྒྱུད་ཀྱིས་ཁེངས་པའི་ཁྱིམ་དུ་ཚེ་མཇུག་གི་འཚོ་བ་སྐྱེལ་བཞིན་ཡོད།