དབུ་ཤོག>ཆེད་སྒྲིག
  • ཁྲིམས་སྐྱོང་ལ་བརྟེན་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   |     སྤེལ་དུས།  2021-04-08

    2021ལོ་ནས་བཟུང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ཐད་གཏམ་བཟང་གྲགས།།ཟླ་1ཚེས་24ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》གི་འདེམས་ཤོག་ཆ་ཚང་ལ་གྲོས་འཆམ་བྱུང་བ་དང་སྲོལ་ཡིག་དེ་2021ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པའི་ངོས་ནས། སྲོལ་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བོད་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུ་སྤྱི་འདོམས་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུ་གཞི་རྟེན་དུ་བྱེད་པ། སྐྱེ་ཁམས་ཤེས་དཔལ་མ་ལག་གཏོད་རྒྱུ་འདེགས་སྐྱོར་དུ་བྱས་ནས་གྲུབ་ཆ་དང་ནང་དོན་བཀོད་སྒྲིག་བྱེད་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས།《སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་དེས་བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་བཅའ་ཁྲིམས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།

    བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་ཨེ་ཤེ་ཡ་ཤར་མའི་གནམ་གཤིས་སྙོམས་སྒྲིག་ཡོ་བྱད་ལྟ་བུ་ཞིག་ཡིན་པས་བོད་ཀྱི་སྐྱེ་ཁམས་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ནི་སྨོས་མི་དགོས་པ་ཞིག་རེད། འོན་ཀྱང་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་གནམ་གཤིས་སོགས་ཀྱིས་རྐྱེན་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད་པར་བརྟེན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་རེད།

    《སྲོལ་ཡིག》བཏོན་པ་དེའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཡོད། རི་སྔོ་ཆུ་དྭངས་གསེར་དངུལ་རི་དང་།གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དང་། སྐྱེ་ཁམས་ནུས་པའི་ཁུལ་འཛུགས་སྐྱོང་། སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན། སྦགས་བཙོག་འགོག་བཅོས། སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་བོད་ནི“འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན”པའི་གནས་བབ་སྲ་བརྟན་དུ་བཏང་ཡོད། 2020ལོ་ནས་བཟུང་སྐྱེ་ཁམས་ཤེས་དཔལ་ཁྲིམས་འཛུགས་དེ་བོད་ཀྱི་ཁྲིམས་འཛུགས་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་སའི་ཁྲིམས་ཡོད་པའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། 2020ལོའི་ཟླ་7པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་རྗེས། བཟོ་བཅོས་ཐེངས་20ལྷག་ཙམ་བརྒྱབ་པ་བརྒྱུད་འཐུས་ཚང་དུ་བཏང་བ་དང་འདེམས་ཤོག་ཆ་ཚང་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》ཅིག་ཆགས་ཡོད་པ་རེད།

    བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་བཏོན་པ་དེས་འབྱུང་འགྱུར་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཅའ་ཁྲིམས་མ་ལག་གི་སྒོ་མོ་ཕྱེ་ཡོད་མོད།འོན་ཀྱང་ངེས་པར་དུ་ངོས་འཛིན་གསལ་པོ་བྱེད་དགོས་པ་ཞིག་ལ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཞི་འཛིན་སའི་ཁྲིམས་ཡོད་པ་འགན་ལེན་བྱས་རྗེས། ང་ཚོས་ད་དུང་ངེས་པར་དུ་ཁྲིམས་ལ་བརྩི་སྲུང་དང་། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན། ཁྲིམས་ལས་འགལ་ཚེ་ངེས་པར་དུ་རྩད་གཅོད་བཅས་བྱེད་དགོས། 《སྲོལ་ཡིག》ནང་གཏན་འབེབས་ཁ་གསལ་བྱས་ནས་དོན་འཁྱོལ་ནན་པོ་བྱེད་དགོས་པ་མ་ཟད། འཕྲལ་སྡོམ་དོ་དམ་དང་ཐག་གཅོད་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་འགན་ལེན་ལམ་སྲོལ་དེ་ཁྲིམས་སྲོལ་ལག་ལེན་བསྟར་བའི་རྒྱབ་རྟེན་བརྟན་ཤོས་ཤིག་ཏུ་འགྱུར་བ་བྱེད་དགོས།  (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། སྤེན་པ་བདེ་སྐྱིད)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།